མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་སྤེལ་པའི“རིག་གནས་ཤུལ་བཞག་ཉིན་མོ”ཞེས་པའི་འཁྲབ་སྟོན་བྱ་འགུལ།
མདོ་འཛིན་པ་རྣམ་གཉིས།
ཟླ6ཚེས11ཉིན་ནི་ཀྲུང་གོའི་རིག་གནས་ཤུལ་བཞག་བྱ་འགུལ་གྱི་ཉིན་དྲུག་པ་ཡིན་ཞིང་། ད་ལོའི་བརྗོད་བྱ་ནི“ཁྲིམས་ལྟར་སྲུང་སྐྱོང་དང་། རྒྱུན་འཛིན་གཙིགས་མཐོང”བྱ་རྒྱུ་དེ་ཡིན་ལ། ཐེངས་འདིའི་མཚོ་ལྷོ་ཁུལ་གྱི2011ལོའི“རིག་གནས་ཤུལ་བཞག་ཉིན་མོ”ཞེས་པའི་འཁྲབ་སྟོན་བྱ་འགུལ་ནི་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གཙོ་སྒྲུབ་གནང་བ་དང་། དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་མི་ཉུང་བ་ཞིག་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་རེད།
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡི་འགོ་གཙོ་འཇམ་དབྱངས་ཀྱིས་གསུང་བཤད་གནང་བཞིན་པ།
ཐེངས་འདིའི་བྱ་འགུལ་གསེར་ཆེན་རྫོང་གི་མཚོ་སྔོན་པོ་ཐང་ཆེན་དུ་སྤེལ་ཞིང་། བདེ་སྐྱིད་ཚོ་བ་དང་། མཚོ་སྔོན་པོའི་ཚོ་བ། དེ་མིན་མི་རིགས་ཆ་ཚང་སློབ་ཆུང་གཉིས་པ་དང་དམངས་ཁྲོད་ཀྱི་མིག་མང་རྩེད་མཁན་སོགས་ཀྱིས་གྱ་ནོམ་པའི་སྒྱུ་རྩལ་འཁྲབ་སྟོན་ཐེངས་ཤིག་གཟིགས་མོ་བའི་ཡིད་སེམས་གསོ་བའི་དཔལ་དུ་བསྩལ་ཅིང་ཚོགས་རའི་ཕྱི་ནང་ཀུན་ཏུ་སྤྲོ་དགའི་རྣམ་པས་ཁེངས་འདུག
ཉམས་འགྱུར་གྱིས་ཕྱུག་པའི་མཚོ་སྔོན་པོ་ཚོ་བའི་འཁྲབ་སྟོན་པ།
མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་བའི་ལོ་འགའི་རིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མཚོ་ལྷོ་ཁུལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་སྔོག་འདོན། རྒྱུན་འཛིན་བཅས་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད་དེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ“དམངས་ཁྲོད་ལ་གཞས”སོགས་རྣམ་གྲངས་བཞི་ཚུད་ཡོད་པ་དང་རྒྱུན་འཛིན་པ་གཅིག་ཡོད། ཞིང་ཆེན་རིམ་པའི་གྲས་སུ་ཚུད་པ“མང་རའི་གཙགས་དྲུབ”སོགས་རྣམ་གྲངས་བདུན་དང་རྒྱུན་འཛིན་པ་བཞི་ཡོད། དེར་མ་ཟད་རྫོང་རུ་རིག་གནས་སོགས་རིག་གནས་ཤུལ་བཞག་ས་ཁུལ་ཡང་གང་མང་ཞིག་ཡོད།
བདེ་སྐྱིད་ཚོ་བའི་འཁྲབ་སྟོན་པས་གར་གྱི་སྟངས་སྟབས་ལ་བསྒྱུར་བཞིན་པ།
མིག་མང་འགྲན་རྩེད།
རྒྱུས་ལོན་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་སོགས་རིག་གནས་སྲུང་སྐྱོང་སྡེ་ཁག་གིས་ཉེ་བའི་ལོ་འགའི་ནང་འབད་པ་ལྷུར་ལེན་གྱིས་དམངས་ཁྲོད་རིག་གནས་སྒྱུ་རྩལ་པ་སྔོག་འདོན་བྱས་ཐོག དམངས་ཁྲོད་སྒྱུ་རྩལ་པ་རྣམས་ལ་རང་ཉིད་ཀྱི་གར་སྟེགས་ཤིག་མཁོ་སྤྲོད་བྱས་པ་དང་། ཕུལ་དུ་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་པར་ཆེད་དམིགས་ཀྱིས་གཟེངས་བསྟོད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། དམངས་ཁྲོད་སྒྱུ་རྩལ་པ་རྣམས་རང་འགུལ་སྒོས་དམངས་ཁྲོད་བྱ་འགུལ་ལ་ཞུགས་པར་ཡར་སྐུལ་གྱི་ནུས་པ་ཆེན་པོ་འདོན་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com