མཚོ་སྐོར་ས་ཁུལ་གྱི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ངང་བསྡུས་པ།
འགྲན་ཚོགས་མཛད་སྒོ་སྟེང་གི་རིག་རྩལ་འཁྲབ་སྟོན།
རྩྭ་ཐང་གི་རྟ་མཆོག
རོང་འབྲོག་ལྟད་མོ་བ།
མེ་ཏོག་སྣ་བརྒྱ་ལྷུག་གེར་བཞད་པའི་མཛེས་སྡུག་གི་དུས་ཚིགས་སྟེ་སྤྱི་ཟླ6པའི་ཚེས15ཉིན། མཚོ་ལྷོ་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་། ཁུལ་རིག་གནས་ཅུའུ། གསེར་ཆེན་རྫོང་རིག་གནས་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རིག་སྨོན་གྲོང་རྡལ་གྱིས་སྒྲུབ་འགན་ཁུར་ལེན་བྱས་པའི་མཚོ་ལྷོ་ཁུལ་མཚོ་སྐོར་ས་ཁུལ་གྱི་ཏང་བཙུགས་ནས་ལོ་འཁོར90ལོན་པའི་རྟེན་འབྲེལ་དང་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སྤེལ་ནས་ལོ་འཁོར10ལོན་པའི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དེ་མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་འགྲམ་དུ་སྤེལ་བ་རེད།
ཉིན་དེར། རིག་སྨོན་གྲོང་རྡལ་གྱི་སྡེ་བ21ནས་ཡོང་བའི་འབྲོག་དམངས3000ལྷག་ཐེངས་འདིའི་འགྲན་ཚོགས་ཁྲོད་ཞུགས་ཏེ། རྟ་རྒྱུག་བང་འགྲན་དང་། ཐེག་འཐེན་ཤུགས་འགྲན་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་སྤེལ་བ་དང་། གཞན་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣ་ཡང་གདན་ཞུའི་ལྟར་འགྲན་ཚོགས་སྟེང་ཞུགས་པ་རེད།
ལྷ་འབྲུག་རྒྱལ་གྱིས་སྒྲིག་བསྒྱུར་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com