བྱམས་པ་བརྩོན་འགྲུས་ལགས་ཀྱིས་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ283ལ་རོགས་སྐྱོར་གནང་བ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-18 06:36:00 ཀློག་གྲངས།:


སློབ་མ་རྣམས་ཀྱིས་བཟོས་པའི་ལག་ཤེས་བཟོ་ལས་ཐོན་རྫས།

             བོད་ལྗོངས་ལྷ་སར་ཚའེ་ཆོན་ཕན་བདེའི་དམིགས་བསལ་སློབ་གྲྭ་ཞིག་ཡོད་ལ། བྱམས་པ་བརྩོན་འགྲུས་ནི་བོད་ལྗོངས་ཀྱི་ཆེས་ཐོག་མའམ་ཡང་ན་ཆེད་དུ་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་གསོ་སྐྱོང་བགྱི་བའི་དམངས་གཉེར་སློབ་གྲྭ་དེ་འཛུགས་མཁན་ཡིན། ལོ་ངོ20ཡི་རིང་ལ། ཁོང་གིས་སྔ་ཕྱིར་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ283སློབ་གྲྭར་བསྐྱར་ལོག་ཡོང་བར་རོགས་སྐྱོར་གནང་ཞིང་། ཁོ་ཚོ་གནས་འདི་ནས་འཚོ་བ་གསར་བའི་ལམ་བུར་བསྐྱོད་དུ་བཅུག  


སློབ་གྲྭའི་སློབ་མ་རྣམས།

             1990ལོར། ལྷམ་བཟོ་བཟོ་གྲྭའི་ལས་མི་ཞིག་ཡིན་པའི་བྱམས་པ་བརྩོན་འགྲུས་ཀྱིས་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་གསོ་སྐྱོང་བགྱི་བའི་སློབ་གྲྭ་འཛུགས་པར་གྲ་སྒྲིག་བྱས་ཤིང་། 1993ལོར། ལྷ་སའི་ཚའེ་ཆོན་ཕན་བདེའི་དམིགས་བསལ་སློབ་གྲྭ་དངོས་སུ་ཚུགས་པ་རེད། གནས་འདིའི་བྱིས་པ་གང་མང་ཞིག་དབང་བོ་སྐྱོན་ཅན་ཡིན་ཡང་། ཁོ་ཚོ་བྱིས་པ་ཐང་པོ་རྣམས་དང་འདྲ་བར་སློབ་སྦྱོང་དང་འཚོ་བར་རོལ་ཆོག་ལ་བདེ་ཐང་གིས་འཚར་ལོངས་བྱུང་ཆོག བྱིས་པ་ལ་ལས་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་ལ་ལས་སློབ་གྲྭས་བཙུགས་པའི་བཟོ་གྲྭ་རུ་བྱ་བ་སྒྲུབ་བཞིན་ཡོད། ཡང་བྱིས་པ་ལ་ལ་ལས་རིགས་གཞན་ལ་ཞུགས་ནས་རང་ཁ་རང་གསོ་བྱེད་བཞིན་ཡོད་ཅིང་། ཁོ་ཚོ་ཚང་མའི་སེམས་སུ་བྱམས་པ་བརྩོན་འགྲུས་རང་གི་ཨ་ཕ་གཉིས་པ་ལྟ་བུར་གྱུར་ཡོད།


བྱམས་པ་བརྩོན་འགྲུས་ལགས།

       ཚའེ་ཆོན་སློབ་གྲྭ་ནས་བྱིས་པ་སོ་སོར་སྲིད་གཞུང་གིས་གནང་བའི་ཆེས་མ་མཐའི་འཚོ་བའི་རོགས་དངུལ་ཐོབ་ཐུབ་པ་དང་། སློབ་གྲྭས་ལོ་ན་ཆུང་བའི་བྱིས་པ་ཚོར་ལོ6གི་འགན་བབ་སློབ་གསོ་མྱོང་དུ་འཇུག་ལ། ལོ་ན་ཅུང་ཆེ་བའི་བྱིས་པ་རྣམས་ལ་གཞན་ད་དུང་བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ལག་རྩལ་སློབ་ཁྲིད་བྱེད། དམའ་འབྲིང་དང་མཐོ་འབྲིང་ལས་མཐར་ཕྱིན་ཏེ་སློབ་གྲྭ་གཞན་འགྲིམ་པའི་བྱིས་པ་ཚོ་སློབ་གྲྭ་གྲོལ་རྗེས་ཕྱིར་སློབ་གྲྭ་འདི་གར་ལོག་ནས་བཟའ་བཏུང་དང་གནས་སྡོད་བྱས་ཆོག་པ་མ་ཟད། ཐ་ན་སློབ་ཆེན་འགྲིམ་སྐབས་ཀྱང་ཚའེ་ཆོན་སློབ་གྲྭས་ཁོ་ཚོའི་འཚོ་བར་འགན་འཁུར་སྲིད།
            དེང་སྐབས་ཚའེ་ཆོན་སློབ་གྲྭ་ལ་སློབ་གྲྭར་ཡོད་པའི་སློབ་མ148ཡོད་ལ། ཚའེ་ཆོན་སློབ་གྲྭ་མུ་ནས་མུ་རུ་གནས་ཐུབ་པའི་ཆེད་དུ་དགུང་ལོ70ལ་ཉེ་བའི་བྱམས་པ་བརྩོན་འགྲུས་ཀྱིས་ཁོ་ཚོའི་ཁྲོད་ནས་བྱིས་པ16བདམས་ཏེ་རང་གི་བུ་དང་བུ་མོ་གཉིས་བཅས་ལྷན་དུ“མ་འོངས་པའི་ཚའེ་ཆོན་གྱི་མི18ཅན་གྱི་ཚོ་ཆུང”འཛུགས་གྲུབ་གནང་བ་དང་། ཁོང་གིས་བྱིས་པ་ཚོས་རིག་གནས་དང་ཡོན་ཏན་བསླབས་ནས་ཕྱིར་འོང་སྟེ་ཁོང་གི་ལས་དོན་རྒྱུན་འཛིན་བྱེད་ཅིང་། ཚའེ་ཆོན་སློབ་གྲྭ་མུ་ནས་མུ་རུ་བསྐྱངས་ཏེ་ཕ་མ་མེད་པར་གྱུར་བའི་བྱིས་པ་ཚོར་ནམ་ཡང་དྲོད་ཁོལ་ལྡན་པའི་ཁྱིམ་ཞིག་ཡོད་པར་བྱ་རྒྱུའི་རེ་བ་བཅངས་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།