
ཡོངས་འཛིན་གྲུབ་འབྲས་དེ་གྲངས་འཛིན་ཀྲུང་གོའི་གྲུབ་འབྲས་འགྲེམ་ཚོགས་སྐབས་དང་པོར་བདེ་བླག་ངང་ཁྱབ་སྤེལ་བྱས།
སྤྱི་ཟླ4བའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད10:00ཡི་སྟེང་། ཡོངས་འཛིན་འཚོལ་བཤེར་གྱིས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྲུབ་འབྲས་འགྲེམ་ཚོགས་ཀྱི་གློག་རྡུལ་སྲིད་དོན་འགྲེམ་ཁང7པའི་གྲུབ་འབྲས་འགྲེམ་ཁུལ་དུ་སྤེལ་བའི་ཡོངས་འཛིན་འཚོལ་བཤེར་གྱི་གྲུབ་འབྲས་ཁྱབ་སྤེལ་ཚོགས་འདུ་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། ཡུལ་དངོས་སུ་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཐོབ་པ་དང་། ཚང་མས་འཛམ་གླིང་གི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མར་བསྟོད་བསྔགས་མི་དམན་པ་གནང་། དེ་མིན་འཛམ་གླིང་དུས་བབ་ཚགས་པར་དང་ཐེང་ཞུན་གསར་འགྱུར་སོགས་སྨྱན་བྱད་དག་གདན་ཞུ་ལྟར་ཁྱབ་སྤེལ་ཚོགས་འདུར་ཞུགས།

ཡོངས་འཛིན་གྲུབ་འབྲས་ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ།
ཡོངས་འཛིན་འཚོལ་བཤེར་གྱི་གྲུབ་འབྲས་ཁྱབ་སྤེལ་ཚོགས་འདུ་ནི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལྷ་སྐྱིད་སྒྲོལ་མས་མདོ་འཛིན་མཛད་ཅིང་། མདོར་བསྡུས་སྒོས་ཡོངས་འཛིན་འཚོལ་བཤེར་གྱི་གསར་སྤེལ་གནས་ཚུལ་དང་། ལག་རྩལ་གཙོ་བོ། སྤྱོད་ནུས་ཁྱད་ཆོས། སྤྱི་ཚོགས་གདེང་འཇོག།དེ་མིན་རྗེས་ཕྱོགས་ཀྱི་འཕེལ་རྒྱས་དང་གསར་སྤེལ་འཆར་ཇུས་སོགས་མཚམས་སྦྱོར་གནང་ལ། ཡོངས་འཛིན་དྲིལ་སྒྲོག་བརྙན་རིས་དང་འགུལ་རིས་བརྙན་གཟུགས། pptའགྲེལ་བརྗོད། དྲིལ་སྒྲོག་ཤོག་བུ་འགྲེམ་སྤེལ་སོགས་དང་སྦྱར་ཏེ། ཁྱབ་སྤེལ་ཚོགས་འདུའི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་། ཡོངས་འཛིན་འཚོལ་བཤེར་གྱི་ཁྱད་ཆོས་དང་སྔོན་ཐོན་ལག་རྩལ་གྱིས་གདན་ཞུའི་སྐུ་མགྲོན་དང་གཟིགས་མོ་བ་རྣམས་ཀྱི་ཡིད་དབང་བཀུག་སྟེ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བསྟན།

ཡོངས་འཛིན་གྲུབ་འབྲས་ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ།
ཁྱབ་སྤེལ་ཚོགས་འདུ་མཇུག་སྒྲིལ་རྗེས། ཡོངས་འཛིན་འགྲེམ་ཞུགས་རུ་ཁག་གིས་སྐུ་མགྲོན་རྣམས་ལ་ཁ་བཏགས་ཕུལ་བ་མ་ཟད། སྨྱན་བྱད་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། ཐེངས་འདིའི་ཁྱབ་སྤེལ་ཚོགས་འདུ་སྤེལ་བར་སྔོན་དཔག་གི་དམིགས་ཡུལ་ལ་སླེབས་ཤིང་། ཕན་ལྡན་གྱི་དྲིལ་སྒྲོག་ཁྱབ་སྤེལ་ནུས་པ་ཐོན།