མཚོ་སྔོན་ཚན་རྩལ་མཐུན་ཚོགས་ཀྱི་ལོ་འཁོར50སྐབས་གཞི་རིམ་ལ་ཞབས་ཞུ་སྒྲུབ་པའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-06-19 09:32:00 ཀློག་གྲངས།:
            ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་སྐབས་གཞི་རིམ་ལ་ཞབས་ཕྱི་བསྒྲུབ་པའི་མཛད་སྒོ་དང་གཞི་ཁྱོན་ཆེ་བའི་ཚན་རྩལ་ཁྱབ་བརྡལ་བྱ་འགུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧི་དབྱིན་གྲོང་བརྡལ་གྱི་ཐང་ཆེན་ནས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་བྱ་འགུལ་ལ་ཞུགས།
            ཐེངས་འདིའི་ཚན་རྩལ་ཁྱབ་བརྡལ་བྱ་འགུལ་གྱི་བརྗོད་བྱ་གཙོ་བོ་ནི“ཚན་རྩལ་ཁྱབ་བརྡལ་གྱིས་དམངས་ཀྱི་འཚོ་བར་ཁེ་ཕན་བསྐྲུན་པ་དང་། ལོ་འཁོར་ལྔ་བཅུ་ལ་རྟེན་འབྲེལ་ཞུ་བ”ཞེས་པ་དེ་ཡིན་ལ། དེའི་ནང་དུ་གཙོ་བོ་ཕྱུགས་ལས་དང་སྔོ་ཚོད། སིལ་ཏོག་སོགས་ཀྱི་ཆེད་ལས་ལག་རྩལ་མི་སྣ་ཞིང་ཁ་དང་ཕྱུགས་ལས་ས་ཁུལ་དུ་སོང་ནས་ཡུལ་དངོས་ནས་ཐོན་སྐྱེད་ལག་རྩལ་ལ་མཛུབ་སྟོན་བྱེད་པ་དང་། སྨན་བཅོས་དང་ས་འགུལ་སྔོན་འགོག ཁོར་ཡུག་སྲུང་སྐྱོབ་སོགས་ཕྱོགས་ཀྱི་ཆེད་ལས་ལག་རྩལ་མི་སྣས་ཡུལ་དངོས་ནས་ཚན་རྩལ་ཁྱབ་བརྡལ་གྱི་ཤེས་བྱའི་བློ་འདྲིའི་ཞབས་ཕྱི་བསྒྲུབ་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཚན་རྩལ་ཤེས་བྱར་རྒྱུས་ལོན་དང་སློབ་སྦྱོང་བྱས་ནས་ཚན་རིག་ལག་རྩལ་གྱི་དགེ་མཚན་ཉམས་སུ་མྱོང་བ་དང་། ཚང་མ་ཚན་རིག་ལ་དགའ་བ་དང་ཚན་རིག་སློབ་པ། ཚན་རིག་བཀོལ་པའི་སྤྲོ་སེམས་ཆེ་རུ་བསྐྱེད་པ་སོགས་འདུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།