ཀྲུང་གོའི་ཚན་རྩལ་འགྲེམ་སྟོན་གྱི་མགོ་རྩོམ་མཛད་སྒོ་བསྡུས་པ།
ཞིང་ཆེན་རིམ་པའི་མགོ་ཁྲིད་ལ་འབྲེལ་ཡོད་སྣེ་ཤན་པས་ཚན་རིག་ལག་རྩལ་གྱི་དཔྱད་ཆས་ངོ་སྤྲོད་བྱེད་བཞིན་པ།
“ཚན་རིག་ལ་ཉམས་ཞིབ་བྱེད་པ”ཞེས་པའི་ཀྲུང་གོའི་ཚན་རྩལ་འཁོར་སྐྱོད་ཁང་གིས་རྒྱལ་ཡོངས་ལ་སྐོར་སྐྱོད་འགྲེམ་སྟོན་བྱེད་པའི་མགོ་རྩོམ་མཛད་སྒོ་ཉེ་སྔོན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་ནས་བསྡུས་ཏེ་ཚན་རིག་ལག་རྩལ་ཁྱབ་གདལ་དུ་གཏོང་བར་ནུས་པ་གལ་ཆེན་ཐོན།
སློབ་མ་རྣམས་ཟབ་ཞུགས་བྱས་ནས་ཚན་རིག་གི་སྒྲིག་ཆས་ལ་ལག་ལེན་དངོས་འབེབས་བྱེད་པ།
2011ལོའི་ཟླ6པའི་ཚེས་16ཉིན་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང༌། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཁྲི་ཀ་རྫོང་ཚན་རིག་ལག་རྩལ་མཐུན་ཚོགས། རྫོང་མི་དམངས་སྲིད་གཞུང༌། རྫོང་སློབ་གསོ་ཅུའུ། རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་བཅས་ཀྱི་རོགས་སྒྲུབ་འོག་ཐོག་མའི་གྲ་སྒྲིག་གི་འགྲེམ་སྟོན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལྒང་རྩེད་ཁང་དུ་བསྡུས།
སློབ་གྲྭའི་དགེ་རྒན་སྐོར་ཞིག་གིས་ཚན་རིག་དཔྱད་ཆས་ལ་ལག་ལེན་ཚོད་ལྟ་བྱེད་བཞིན་པ།
ཐེངས་འདིའི་ཐོག་མའི་གྲ་སྒྲིག་གི་འགྲེམ་སྟོན་ཁྲོད་ཚན་རིག་གི་དཔྱད་ཆས་ལྔ་བཅུ་ལྷག་འགྲེམ་སྟོན་བྱས་ཤིང༌། ནང་དོན་ཐད་ནས་དངོས་ལུགས་དང་རྫས་འགྱུར། གྲངས་རིག་པ། སྐྱེ་དངོས། གློག་རྡུལ་རྩིས་འཁོར་སོགས་ཀྱི་ཚོད་ལྟའི་ཚན་རིག་གི་དཔྱད་ཆས་ཆས་མང་པོ་ཞིག་འགྲེམ་སྟོན་བྱས་ཏེ་རྒྱ་ཆེའི་ལྟད་མོ་བའི་མིག་རྒྱ་བསྐྱེད་ཅིང༌། ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག མ་ཟད་དགེ་སློབ་རྣམས་ལ་ས་འགུལ་བརྟག་དཔྱད་དཔྱད་ཆས་ལ་ལག་ལེན་ཚོད་ལྟ་བྱེད་དུ་བཅུག་སྟེ། རང་བྱུང་གི་གནོད་འཚེ་ལ་སྔོན་འགོག་བྱེད་པའི་ཤེས་བྱ་བརྒྱུད་སྒྲོག་དང༌། མེ་འགོག་ཤེས་བྱ། མྱུར་སྐྱོབ་ཤེས་བྱ་སོགས་ལ་ཚོད་ལྟ་ཉམས་ལེན་བྱེད་པའི་ཚན་རིག་གི་ཤེས་བྱ་མང་པོ་སེམས་པའི་སྣོད་དུ་བཅུག
ས་འགུལ་བརྟག་དཔྱད་དཔྱད་ཆས་ཀྱི་རླངས་འཁོར་ཆེན་མོ་ལས་སློབ་མས་ས་འགུལ་གྱི་
རྒྱུན་ཤེས་དང་སྔོན་འགོག་ཐད་ལག་ལེན་སློབ་སྦྱོང་བྱེད་པ།
འདི་ལས་ང་ཚོ་ན་གཞོན་ཐམས་ཅད་ཚན་རིག་ལ་དགའ་ཞིང་ཚན་རིག་ལག་རྩལ་ལ་སྤྲོ་བ་སློང་བྱེད་ཀྱི་སྐུལ་འདེད་ཅོང་བརྡ་ལྟ་བུ་ཞིག་རེད།
2011ལོའི་ཟླ6པའི་ཚེས17ནས་ཟླ7པའི་ཚེས1བར་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་ལྒང་རྩེད་ཁང་དུ་དངོས་སུ་འགྲེམ་སྟོན་བྱ་རྒྱུའི་འཆར་གཞི་ལ་སྟ་གོན་ལེགས་པོ་བྱེད་བཞིན་ཡོད། སྐབས་འདི་དང་བསྟུན་ནས་སློབ་གྲྭས་ཀྱང་ང་རང་ཕ་ཡུལ་ལ་དགའ་ཞེས་པ་བརྗོད་གཞིར་བཟུང་ནས་བརྙན་པར་འགྲེམ་སྟོན་དང་མཛེས་རྩལ་འགྲེམ་སྟོན་བྱེད་ཀྱིན་ཡོད་པ་མ་ཟད། ལག་ཤེས་བཟོ་རྩལ་གྱི་བརྩམས་ཆོས་འགྲེམ་སྟོན་དང་གློག་རྡུལ་རིས་བཟོ། ད་དུང་རྨ་ཡུལ་ཁྲི་ཀར་བསྟོད་པ་ཞེས་པའི་རྩོམ་ཡིག་ཀྱང་འགྲན་བསྡུར་སྤེལ་རྩིས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com