མགོ་ལོག་ཁུལ་གྱི་སྐབས་གཉིས་པའི་དམངས་གླུ་འགྲན་བསྡུར།
མགོ་ལོག་ཁུལ་སྐབས་གཉིས་པའི་དམངས་གླུ་འགྲན་བསྡུར་གླིང་དཀར་སྟོད་ཀྱི་དྲུག་འགྱུར་ཞེས་པ་དེ་མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ནས་བསྡུས་པ་རེད། གོང་གི་པར་རིས་དེ་འགྲན་བསྡུར་རྗེས་ཀྱི་ཟེར་སྡེར་སྤེལ་བས་རྒྱབ་ཤོག་གི་ཇུས་འགོད་ཀྱི་རྣམ་པ་ཡིན།
འགྲན་ཞུགས་མི་སྣའི་རྗེས་དྲན་གྱི་པར། དམངས་སྒོར་གྱི་བྱ་དགའི་ཐོབ་བྱ་ཆེན་པོ་མེད་ཀྱང་བོད་མི་རིགས་ཀྱི་དམངས་གླུའི་སྒྱུ་རྩལ་ལ་དུངས་ཞེན་ཡོད་པ་ནི་དགའ་འོས་པ་ཞིག་རེད།
ཐེངས་འདིའི་དཔྱོད་བསྡུར་བ་གཙང་བ་སྐལ་བཟང་ཡེ་ཤེས་དང་སྒྲུང་གཏེར་གུ་རུ་རྒྱལ་མཚན། འགོ་གཙོ་ཚེ་རིང་། གླུ་བ་དགེ་ལེགས་དང་རྟ་མགྲིན། འཇམ་དབྱངས་བློ་གྲོས་བཅས།
ཉམས་རྒུད་དུ་འགྲོ་བཞིན་པའི་བོད་དམངས་ཁྲོད་ཀྱི་དམངས་གླུའི་རིག་གནས་ཕྱོགས་སོ་སོ་ནས་སླར་གསོ་གནང་བར་འབོད་སྐུལ་འདོན་གྱིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com