དར་མདོས་དམིགས་བསལ་ཅན་གྱི་ན་ཆུང་བྱིས་པར་གཟིགས་སྐྱོང་གནང་བ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ཏང་ཨུས་དར་མདོའི་མཁར་གྲོང་དང་། ཤང་གྲོང་གི་སློབ་གྲྭ་སོ་སོར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ། དུས་ཆེན་གྱི་སྐབས་སུ། རྫོང་ཏང་ཨུའི་གུང་གཞོན་ཚོགས་པའི་བློ་མཐུན་རྣམས་ཀྱིས་སྣེ་ཁྲིད་འོག འཚམས་འདྲི་ཚན་ཆུང་གཉིས་སོ་སོར་དར་མདོ་རྫོང་གི་དྭ་ཕྲུག་གཉོར་སྐྱོང་བྱས་ཡོད་པའི་སློབ་གྲྭ་དང་། འབྲོག་པའི་གཏན་སྡོད་ས་ཁུལ་དུ་སོང་ནས་དྭ་ཕྲུག་དང་འབྲོག་ཁུལ་གྱི་བྱིས་པར་འཚམས་འདྲི་བྱས།
མཚམས་འདྲི་ཚོགས་པ་འཁོར་དང་བཅས་པས་དྭ་ཕྲུག་ཚོར་འཚམས་འདྲིའི་ལག་སྐྱེས་སུ་སྒོ་ཁྲི་གཅིག་ལྷག་གི་དངོས་པོ་དང་སྒོ་མོ་བསྐྱེལ་བ་དང་། ཁོ་ཚོར་སློབ་སྦྱོང་བཟང་བོ་བྱས་ཏེ། རང་སྟེང་གི་ནུས་པ་ཇེ་མཐོར་གཏོང་དགོས་པའི་སྐུལ་མ་གནང་བ་དང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་སྤྱི་ཚོགས་ལ་དྲིན་ལེན་མཇལ་དགོས་པའི་བསླབ་བྱ་གནང་། བྱ་འགུལ་ཁྲོད་དུ། གུང་གཞོན་རྫོང་ཏང་ཨུའི་འགན་ཁུར་མི་སྣས་བྱིས་པ་ཚོར་ཀྲུང་གུང་དཀར་མཛེས་ཁུལ་ཏང་ཨུའི་ཧྲུའུ་ཅི་ལིག་ཏའོ་ཕེན་དང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལེས་ཁྲང་ཕེན་གཉིས་ཀྱིས་ཁུལ་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་སྤྲངས་པའི་འཕྲིན་ཡིག་ཀློག་འདོན་བྱས་ཏེ། བྱིས་པ་ཚོའི་སློབ་སྦྱོང་གི་འབྲས་བུ་ཉིན་རེ་བཞིན་ཡར་ཐོན་ཡོང་བ་དང་། ཁྱོན་ཡོངས་ནས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བའི་སྨོན་འདུན་ཞུས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com