བདེ་ཆེན་ཁུལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-06-25 09:30:00 ཀློག་གྲངས།:

            ཉེ་བའི་ལོ་འགའི་རིང་ལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་སྡེ་ཁག་གིས་རིམ་པ་སོ་སོའི་ཏང་ཨུ་དང་། སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་བྱེད་ཐབས་སྣ་ཚོགས་སྤྱད་དེ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མ་ལག་བཙུགས་ཏེ། ཤུགས་རྐྱེན་ངེས་ཅན་ལྡན་པའི་རྟེན་མཛོད་ཁང་དང་རིག་གནས་ཤུལ་བཞག་ས་ཁུལ་སྐོར་ཞིག་བྱུང་ལ། དེས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཏུ་བཅུག
            ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་ཆེན་པོས་མཚམས་སྦྱོར་དང་ཡར་ཞུ་བྱས་པ་བརྒྱུད། མིག་སྔར། ཁུལ་ཡོངས་སུ་རིམ་པ་མི་འདྲ་བའི་རིག་དངོས་གཙོ་བོའི་སྲུང་སྐྱོབ་ལས་ཁུངས48ལ་བསླེབས་པ་དང་། སྐོར་ཐེངས་གསུམ་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་ལ། གནའ་རྫས་རྟོག་དཔྱོད་བྱ་བར་ཡང་གྲུབ་འབྲས་མངོན་གསལ་ཐོབ། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།