ཀན་ལྷོའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ཐེན་ཅིང་དུ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-05-28 10:13:00 ཀློག་གྲངས།:

     ཉེ་ཆར། ཐེན་ཅིང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཐེན་ཅིང་གྲོང་ཁྱེར་མཛེས་རྩལ་བའི་མཐུན་ཚོགས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀན་ལྷོ་ཁུལ་མཛེས་རྩལ་བའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་གནང་བའི་ཐེན་ཅིང་དང་ཀན་ལྷོའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་ཏུང་ལི་ཆུས་ཀྱི་མཛེས་རྩལ་ཁང་དུ་སྤེལ།
     འགྲེམ་སྟོན་དུ། ཕྱོགས་གཉིས་ཀྱི་མཛེས་རྩལ་པས་གསར་རྩོམ་གནང་བའི་སྲོལ་རྒྱུན་རི་མོ་དང་སྣུམ་རིས། མཚོན་རིས། ཐང་ག་དང་ཉར་ཚགས་བྱས་པའི་བརྩམས་ཆོས200ལྷག་འགྲེམ་སྟོན་བྱས་པ་དང། བརྩམས་ཆོས་འདི་དག་བརྗོད་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་ཅིང། སྒྱུ་རྩལ་གྱི་ཆུ་ཚད་མཐོ་བ་ཡིན།
     དེའི་ཁྲོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷ་རིས་པའི་ཐང་གའི་བརྩམས་ཆོས20ལྷག་ཙམ་ཞུགས་ཡོད་ཅིང་། སྒྱུ་རྩལ་དང་ཚོན་མདོག་སོགས་གང་གི་ཐད་ནས་ཀྱང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ལ་ཡིད་དབང་འཕྲོག་པས། མི་རྣམས་ཀྱི་དགའ་བསུ་རབ་ཏུ་ཐོབ།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།