བོད་ལྗོངས་ནག་ཆུ་ས་ཁུལ་དུ་རླུང་འོད་གསབ་རེས་ཀྱི་གློག་འདོན་ས་ཚིགས་འཛུགས་རྩིས་ཡོད་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།: མི་དམངས་དྲ་བ།   དུས་ཚོད།:2011-06-26 09:54:00 ཀློག་གྲངས།:

            “ལོ་ལྔ་ཚན་བཅུ་གཉིས་”བའི་སྐབས་སུ། བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་མཚོ་གཉིས་དང་། དཔལ་མགོན། ཤན་རྩ་བཅས་སུ་སྟོང་ཝ1000ཅན་གྱི་ཉི་ནུས་གློག་འདོན་ས་ཚིགས་གསུམ་དང་། ནག་ཆུའི་མེ་འཁོར་འབབ་ཚིགས་ཉེ་འགྲམ་དུ་སྟོང་ཝ20ཅན་གྱི་རླུང་འོད་གསབ་རེས་ཀྱི་གློག་འདོན་ས་ཚིགས་ཤིག་འཛུགས་རྩིས་ཡོད་པ་དང་། རླུང་འོད་གསབ་རེས་ཀྱི་གློག་འདོན་ས་ཚིགས་དེ་བོད་ལྗོངས་དཀྱིལ་དབུས་ཀྱི་གློག་དྲ་དང་ འབྲེལ་མཐུད་བྱེད་རྒྱུ་རེད།
            མིག་སྔར། ནག་ཆུ་ས་ཁུལ་གྱིས་གསེར་གྱི་ཉི་མའི་ཚན་རྩལ་རྣམ་གྲངས་དང་རླུང་འོད་གསབ་རེས་ནུས་ཁུངས་འཛུགས་སྐྲུན་གྱི་ལས་ཀ་གཉེར་འགོ་བརྩམས་ཤིང་། ཉི་ནུས་ཁྱིམ་སྤྱོད་སྣང་གསལ་མ་ལག་ཆུང་བ་ཡིས་གློག་གཏོང་མི་ཐུབ་པའི་ས་ཁུལ་མང་པོ་ལ་འོད་སྣང་བསྐྲུན། ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུ་ས་ཁུལ་དུ་ལོ་རེར་ཆ་སྙོམས་རླུང་ཆེན་གཡུག་ཚད་ཉིན180ཡིན་པ་དང་། ཉི་འོད་ནུས་ལྡན་འཕྲོ་ཚད་ཆུ་ཚོད2700 ཟིན་པས། ས་དེ་ནི་བོད་ལྗོངས་ཀྱི་རླུང་ནུས་ཐོན་ཁུངས་ཆེས་ཕྱུག་པ་དང་། ཉི་འོད་འགྱེད་འཕྲོ་ཆེས་དྲག་པའི་ས་ཁུལ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།