རྨ་ཆུར་བརྒལ་བའི་རྐྱལ་རྩལ་གདན་ཞུ་འགྲན་བསྡུར་མཚོ་སྔོན་ནས་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-06-27 09:26:00 ཀློག་གྲངས།:


རྨ་ཆུར་བརྒལ་བ།


            རྒྱལ་སྤྱིའི་རྨ་ཆུར་བརྒལ་བའི་རྐྱལ་རྩལ་གདན་ཞུ་འགྲན་བསྡུར་སྐབས་བདུན་པ་དེ་ཚེས25ཉིན་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རྨ་ཆུའི་འགྲམ་ངོགས་སུ་འགོ་བརྩམས། རྒྱལ་ཁབ་ཕྱི་ནང་གི་འཐུས་ཚབ་རུ་ཁག26གི་ལུས་རྩལ་པ193ཐེངས་འདིའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
            རྒྱུས་ལོན་པ་ལྟར་ན། ད་ལོར་བསྡོམས་པས་ཕྱི་རྒྱལ་གྱི་འཐུས་ཚབ་འགྲན་ཞུགས་རུ་ཁག5ཡོད་པ་དང་། སོ་སོར་ཨ་མེ་རི་ཁ་དང་དབྱིན་ཇི། པིན་ཏའོ། ཨིར་ལན་དང་ཀྲི་ལི་བཅས་ནས་ཡོང་བ་རེད། འགྲན་བསྡུར་དུས་ཡུན་ཉིན་གཉིས་ལ་སྤེལ་རྒྱུ་ཡིན་པ་དང་། འགྲན་ཞུགས་པའི་ལོ་ཚོད་ལྟར་སྐྱེས་པ་དང་བུད་མེད་ཀྱི་ཚན་ཆུངAདངBདངCདངDབཅས་ཚན་ཆུང་བཞི་རུ་བགོས་ཡོད་ལ། ད་ལོར་གསར་དུ་བཟོས་པའི་འགྲན་བསྡུར་གྱི་གཏན་འཁེལ་ལྟར་ན། དབྱར་དུས་རྐྱལ་རྩལ་འགྲན་བསྡུར་ཁྲོད་ཚན་ཆུང་སོ་སོའི་ཨང8པ་ཡན་གྱི་ལུས་རྩལ་པ་ད་གཟོས2012ལོའི་དགུན་དུས་རྨ་ཆུར་བརྒལ་བའི་རྐྱལ་རྩལ་འགྲན་བསྡུར་ལ་ཞུགས་ཆོག 
            བདེ་བླག་ངང་ཐེངས་དྲུག་ལ་སྤེལ་བའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུར་བརྒལ་བའི་རྐྱལ་རྩལ་གདན་ཞུ་འགྲན་བསྡུར་དང་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར། འཛམ་གླིང་བུམ་པའི་བྲག་འགོས་འགྲན་བསྡུར་བཅས་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་ལུས་རྩལ་ཆས་རྟགས་ཅན་གྱི་འགྲན་བསྡུར་ཆེན་མོ་གསུམ་ཡིན། ཐེངས་འདིའི་རྐྱལ་རྩལ་འགྲན་བསྡུར་གྱིས་རྨ་ཆུར་དགའ་བ་དང་མཐར་ཐུག་ལ་འགྲན་སློང་བ་བརྗོད་དོན་དུ་བཟུང་སྟེ། ཚན་རིག་གིས་ལུས་ཕུང་བདེ་སྲུང་དང་རང་བྱུང་ཁམས་ལ་དགའ་བ། རང་བྱུང་ཁམས་ལ་ཕྱིར་ལོག་པ། རང་ཉིད་ལ་འགྲན་སློང་བའི་བདེ་ཐང་གི་འདུ་ཤེས་གསར་བ་དར་སྤེལ་དུ་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།