གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་བརྒྱད་པར་འགོ་རྩོམ་རྒྱུ་ཡིན་པ།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིས་ཆེད་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ།
ཟླ6པའི་ཚེས24ཉིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིས་ལྷ་ས་ནས་ཆེད་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པས་ཚོགས་ཐོག་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་བ་ཟླ8པའི་ཚེས་འགོ་ནས་ཟླ9བའི་ཚེས9ཉིན་བར་དུ་ཟླ་བ་གཅིག་རིང་ལ་སྤེལ་རྒྱུ་ཡིན་ཞིང་། སྐབས་སྔོན་མ་རྣམས་དང་བསྡུར་ན་གཞི་རྒྱ་ཆེས་ཆེ་ཤོས་ཡིན།
གཞིས་ཀ་རྩེའི་ས་གནས་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། ཐེངས་འདིའི་ཇོ་མོ་གླང་མའི་རིག་གནས་དུས་ཆེན་ལ་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་དང་། གཙང་གི་གླུ་གར་རིག་གནས་ཀྱི་གཟའ་འཁོར། བོད་ཀྱི་ཟློས་གར་གྱི་གཟའ་འཁོར། འཛམ་གླིང་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་གཟའ་འཁོར། གཞིས་ཀ་རྩེའི་རྫོང་ཁག(གྲོང་ཁྱེར)18གྱི་ཁྱད་ཆོས་འགྲེམ་སྟོན་གྱི་ཉིན་མོ་སོགས་རིམ་པ་ལྔ་འདུས་ཡོད་པ་རེད།
ཉིན་དེ་དག་གི་རིང་ལ། ཕྱོགས་སོ་སོའི་མགྲོན་པོ་རྣམས་ཀྱིས་ལྷ་རྩེའི་སྟོད་གཞས་དང་རྒྱལ་རྩེའི་སྐོར་གཞས། ས་དགའི་ཇ་གཞས། དིང་རིའི་གླུ་གཞས་སོགས་གཙང་གི་ས་གནས་ཁྱད་ཆོས་ལྡན་པའི་ཞབས་བྲོར་གཟིགས་མོ་གནང་ཆོག་པ་དང་། ངང་རིང་དང་རིན་སྤུངས། རྣམ་གླིང་བཅས་ཀྱི་ཟློས་གར་རིགས་མི་འདྲ་བ་སོ་སོ་དང་། བཀྲ་ཤིས་ལྷུན་པོ་དགོན་པའི་འཆམ་སོགས་ཀྱིས་ཕྱོགས་ཕེབས་མགྲོན་པོ་རྣམས་གཙང་གི་ཁྱད་ཆོས་མངོན་པར་ལྡན་པའི་གླུ་གར་གྱི་ཞིང་ཁམས་སུ་འཁྲིད་པར་བྱེད། དེ་དང་དུས་མཚུངས་སུ། གཞིས་ཀ་རྩེའི་རྫོང(གྲོང་ཁྱེར)18གྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་གནང་མཁན་རྣམས་ཀྱིས་རྫོང་སོ་སོའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་འགྱུར་ལྡོག་གསར་བ་དང་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱ་རྒྱུ་རེད།
ཕུར་བུ་བཀྲ་ཤིས་ཀྱིས་གསུངས་རྒྱུར། ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་འདིར་བརྒྱུད་དེ། རིག་གནས་རོལ་རྩེད་ཡུལ་སྐོར་གྱི་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ན། སྔར་ལས་ཀྱང“གཞིས་ཀ་རྩེ་དྲིལ་བསྒྲགས་དང་འགྲེམ་སྟོན་བྱེད་པ་དང་། འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང”ཐུབ་ལ། ས་གནས་དེ་གའི་ཕྱི་ཕྱོགས་འགྲོ་འོང་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཆོག་པ་རེད།
ཤེས་གསལ་བྱུང་བ་ལྟར་ན། 2001ལོ་ནས་ད་བར་དུ། གཞིས་ཀ་རྩེས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་ཙམ་བདེ་བླག་ངང་སྤེལ་མྱོང་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com