འཛམ་གླིང་གི་གོས་དྲུབ་ཞལ་ཐང་ཆེས་ཆེ་ཤོས་འགྲུབ་ལ་ཉེ་བ།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:ཤིན་ཧྭ་གསར་འགྱུར་དྲ་བ།    དུས་ཚོད།:2011-06-28 10:14:00 ཀློག་གྲངས།:


ཟླ6པའི་ཚེས24ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ནས་པར་དུ་བླངས་པའི་ཞལ་ཐང་ཆ་ཚང་།

ཟླ6པའི་ཚེས24ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་ཉི་མ་ལྕང་རྭ་ཤང་དུ་མིག་དམར་ཚེ་རིང་གིས་ཐང་ག་འབྲི་བཞིན་པ།


ཟླ6པའི་ཚེས24ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་ཉི་མ་ལྕང་རྭ་ཤང་དུ་མིག་དམར་
ཚེ་རིང་གི་སློབ་མས་ཐང་གའི་ཆ་ཤས་སོ་སོ་ཕྱོགས་གཅིག་ཏུ་སྒྲིག་བཞིན་པ།

            ཐང་ག་འདིའི་མིང་ཆ་ཚང་ལ་“འབྲི་གུང་བཀའ་བརྒྱུད་ཀྱི་གསེར་ཐང་རིན་ཆེན་ཕྲེང་བ”ཟེར་ཞིང་།  འདི་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་ཚེམ་དྲུབ་ཐང་གའི་རབས་དྲུག་པའི་རྒྱུད་འཛིན་པ་མིག་དམར་ཚེ་རིང་གི་དབུ་ཁྲིད་འོག      2004ལོ་ནས་བཟུང་འབྲི་འགོ་བརྩམས་པ་ཡིན་ལ། བརྩམས་ཆོས་ཧྲིལ་བོ་སྐུ་འདྲ19དང་སྲོག་ཆགས12ཀྱིས་གྲུབ་ཅིང་། མཐོ་ཚད་ལ་ཕལ་ཆེར་སྨི120དང་ཞེང་ལ་སྨི85ཡོད་པ་དང་། འབུར་བརྐོས་དང་ཚེམ་དྲུབ་ཟུང་དུ་འབྲེལ་བའི་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་བཟོས་ཤིང་། མིག་སྔའི“འཛམ་གླིང་སྟེང་གི་གོས་དྲུབ་ཞལ་ཐང་ཆེས་ཆེ་ཤོས”སུ་གྱུར་ཡོད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།