སྣེ་གདོང་རྫོང་སྣེ་གདོང་གྲོང་རྡལ་གྱི་རྩེད་ཐང་ཐེར་མར་གསོན་ཤུགས་རབ་ཏུ་རྒྱས་པ།
བཟོ་པ་ཞིག་གིས་འཁེལ་ཟིན་པའི་བལ་སྐུད་སྤྱད་དེ་རྩེད་ཐེར(རྩེད་ཐང་ཐེར་མ)འཐག་བཞིན་པ།
ཟླ་བ6པའི་ཚེས29ཉིན་གནས་ཚུལ་འབྱོར་གསལ། བོད་ཀྱི་སྣེ་གདོང་རྫོང་སྣེ་གདོང་གྲོང་རྡལ་གྱི་རྩེད་ཐེར་ནི་གནའ་སྔ་མོ་ནས་མིང་གྲགས་གང་སར་ཁྱབ་ཡོད་རུང་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་ཉིད་སྐབས་ཤིག་རིང་ལ་རྒྱུན་ཆད་ལ་ཁད་དུ་གྱུར་ཡོད། 2008ལོའི་ཟླ་བ5པར་ས་ཆ་དེ་གའི་མང་ཚོགས་ཀྱིས་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་བོད་ཀྱི་སྣེ་གདོང་རྫོང་མི་རིགས་རྩེད་ཐེར་ལག་ཤེས་འཁལ་འཐག་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད།
དགུང་ལོ80ལྷག་ཙམ་ལ་ཕེབས་པའི་རྨོ་བོ་སྤེན་འཛོམས་ལགས་ཀྱིས་བཟོ་གྲྭའི་ནང་སྐུད་པ་འཁེལ་བཞིན་པ།
མཉམ་ལས་ཁང་གིས་དགུང་ལོ་མཐོ་བའི་ལས་ཤེས་བཟོ་རྩལ་པ་གདན་ཞུ་བྱས་ནས་གསོ་སྐྱོང་བྱས་པས་རྩེད་ཐེར་གྱི་བཟོ་རྩལ་དེ་ཉིད་རྒྱུན་འཛིན་ཐུབ་པ་མ་ཟད་ཡུལ་སྐོར་ཐོན་རྫས་སུ་གསར་སྤེལ་བྱས་པ་དང་། ལས་ཞུགས་ལས་གནས200ཙམ་མཁོ་འདོན་བྱས་ཡོད། 2010ལོར་མཉམ་ལས་ཁང་གི་ཁེ་གཙང་ཡོང་འབབ་སྒོར་ཁྲི43ཟིན་པ་དང་ཐོན་རྫས་ཁག་ལ་ཉིན་རེ་ལས་མ་འདས་པར་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།
བཟོ་པ་ཞིག་གིས་བལ་སྐུད་འཁེལ་བཞིན་པ།
མིག་སྔར་རྩེད་ཐེར་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་ནང་བཅུག་པ་དང་ལག་རྒྱུན་ཆད་ལ་ཁད་ཀྱི་ལས་ཤེས་བཟོ་རྩལ་དེ་དུས་རབས་གསར་པའི་ནང་སླར་ཡང་གསོན་ཤུགས་རབ་ཏུ་རྒྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com