“ཀྲུང་གོའི་འབྲོག་ལས་ཕྱུགས་རིགས་སྤོ་འཚོ”སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་པེ་ཅིན་ནས་འཚོགས་པ།
“ཀྲུང་གོའི་འབྲོག་ལས་ཕྱུགས་རིགས་སྤོ་འཚོ”སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་པེ་ཅིན་དུ་འཚོགས་པ།
2011ལོའི་ཟླ6པའི་ཚེས27ཉིན། ནོར་ཝེ་ཨོ་སི་ལོ་ཞི་བདེ་ཞིབ་འཇུག་ཁང་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་མི་རིགས་རིག་པ་དང་མིའི་རིག་པ་ཞིབ་འཇུག་ཁང་གིས་མཉམ་དུ་བསྒྲུབས་པའི“ཀྲུང་གོའི་འབྲོག་ལས་ཕྱུགས་རིགས་སྤོ་འཚོ”སྐོར་གྱི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དུ་འཚོགས།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་དབང་ཕྱུག་སྒྲོལ་མས་ཚོགས་ཐོག་ཏུ་གཏམ་བཤད་གནང་བཞིན་པ།
ཕྱི་རྒྱལ་གྱི་ཆེད་ལས་མཁས་པས་དཔྱད་གླེང་ཚོགས་འདུའི་ཐོག་ཏུ་གཏམ་བཤད་གནང་བཞིན་པ།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པ་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཧོང་ཞིན་དང་ནོར་ཝེ་ཨོ་སི་ལོ་ཞི་བདེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ་མཁྱེན་ལྡན་མ་ཨའེ་ཧྲེ་ཏི་ཁ་ལུའོ་སི་གཉིས་ཀྱིས་ཚོགས་ཐོག་ཏུ་ཤིས་ཚིག་ཕུལ། ཐེངས་འདིའི་ཚོགས་འདུར་ཞུགས་པའི་ཆེད་ལས་མཁས་པ་དག་ནི་ཀྲུང་གོ་དང་ནོར་ཝེ། ཨ་མེ་རི་ཁ། ཨོ་སི་ཁྲུ་ལི་ཡ། སུའེ་ཏེན་སོགས་ཀྱི་རྒྱལ་ཁབ་ནས་ཡོང་བ་ཡིན།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིབ་འཇུག་པ་ཧའོ་ཧྲི་ཡོན་གྱིས་
དཔྱད་གླེང་ཚོགས་འདུར་ཕྱོགས་བསྡོམས་གཏམ་བཤད་གནང་བཞིན་པ།
དཔྱད་གླེང་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་ཀྱིས་རིག་གཞུང་སྐོར་གྱི་བསམ་བློ་བརྗེ་རེས་བྱེད་བཞིན་པ།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་ཟླ་བ་ཚེ་རིང་དང་། སི་ཁྲོན་སློབ་གྲྭ་ཆེན་མོའི་བོད་རིག་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཞུས་ཅུན། ནོར་ཝེ་ཐི་ལུའོ་མུའུ་སེ་སློབ་ཆེན་གྱི་ཚན་རིག་རིག་གནས་སྡེ་ཁག་གི་འབུམ་རམས་པ་དབྱི་ཝ་པུའུ་ཅེ་ཁ་ལུན་ཏི། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ནོར་བུ་དབང་ལྡན་སོགས་ཀྱིས་སྔ་རྗེས་སུ“ཕྱུགས་རིགས་སྤོ་འཚོའི་རིག་གནས་བཅོས་བསྒྱུར”དང“རྒྱུན་མཐུད་འཕེལ་རྒྱས་དང་རྩྭ་ས་ཞན་འགྱུར” “སྐྱེ་ཁམས་གནས་སྤོར་ཡུལ་མི” “འབྲོག་ཁུལ་གྱི་དཔལ་འབྱོར་གོང་སྤེལ”བཅས་ཀྱི་བརྗོད་བྱ་བཞིའི་བགྲོ་གླེང་ལ་མདོ་འཛིན་གནང་།
དཔྱད་གླེང་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་ཀྱིས་རིག་གཞུང་སྐོར་གྱི་བསམ་བློ་བརྗེ་རེས་བྱེད་བཞིན་པ།
ཚོགས་ཞུགས་ཆེད་ལས་མཁས་པ་ཡོངས་མཉམ་པར་བསྐྱོན་པ།
ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་སྟེང་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཆེད་ལས་མཁས་པ15ཡིས་ཀྲུང་གོའི་འབྲོག་ལས་ཕྱུགས་རིགས་སྤོ་འཚོ་སྐོར་ལ་ཞིབ་འཇུག་བྱས་པའི་ཚན་ཞིབ་གྲུབ་འབྲས་འདོན་སྤྲོད་གནང་།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཞིབ་འཇུག་པ་ཧའོ་ཧྲི་ཡོན་གྱིས་དཔྱད་གླེང་ཚོགས་འདུར་ཕྱོགས་སྡོམ་གཏམ་བཤད་གནང་། ཐོག་མར་ཁོང་གིས་ནོར་ཝེ་ཨོ་སི་ལོ་ཞི་བདེ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆེན་མོ་མཁྱེན་ལྡན་མ་ཨའེ་ཧྲེ་ཏི་ཁ་ལུའོ་སིས་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་མཁས་པ་མང་པོ་སྒྲིག་འཛུགས་དང་གདན་ཞུས་ནས་ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ནོར་ཝེ་གཞུང་ཚབ་ཁང་ཆེན་མོས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་མི་རིགས་རིག་པ་དང་མིའི་རིག་པ་ཞིབ་འཇུག་ཁང་དང་ཨོ་སི་ལོ་ཞི་བདེ་ཞིབ་འཇུག་ཁང་གཉིས་ཀྱི་མཉམ་ལས་ལ་རྒྱབ་སྐྱོར་གནང་བ་ལའང་ཐུགས་རྗེ་ཆེ་ཞུས། མཇུག་མཐར་ཁོང་གིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་འཕྲད་པའི་སྐྱེ་ཁམས་གནད་དོན་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཡིན་ལ། འཕེལ་རྒྱས་ཆེས་མགྱོགས་ཤིང་མི་གྲངས་མང་པའི་ཀྲུང་གོར་མཚོན་ན། གནད་དོན་ཤིན་ཏུ་འབུར་ཐོན་རེད། དེའི་ཕྱིར་ཐེངས་འདིའི་ཞིབ་འཇུག་གྲུབ་འབྲས་ཅུང་ལེགས་པོ་བླངས་པའི་རྨང་གཞིའི་སྟེང་། ཆེད་ལས་མཁས་པ་དག་གིས་སྔར་ལས་ཞིབ་འཇུག་གཏིང་ཟབ་གནང་རྒྱུ་དང་། སྔར་བས་བརྗེ་རེས་དང་མཉམ་ལས་བྱས་ཏེ། རིག་གཞུང་ཞིབ་འཇུག་དང་བརྗེ་རེས་བརྒྱུད་ཀྲུང་གོའི་འབྲོག་ལས་ཕྱུགས་རིགས་སྤོ་འཚོ་རྒྱུན་མཐུད་ངང་གོང་དུ་སྤེལ་ཆེད་ཕན་ཡོད་ཀྱི་རིག་གཞུང་གྲོས་འགོ་འདོན་དགོས་ཞེས་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com