གསོན་ཤུགས་རྒྱས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བོད་ཀྱི་ཟློས་གར།

རྩོམ་པ་པོ།:བཀྲ་འདུལ། ཡོང་ཁུངས།:རྒྱལ་སྤྱིའི་གསར་འགྱུར་དྲ་བ།   དུས་ཚོད།:2011-07-06 10:03:00 ཀློག་གྲངས།:


ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

            བོད་ཀྱི་ཟློས་གར་ནི་ཕལ་ཆེར་ལོ་ངོ600ལྷག་གི་ཡར་སྔོན་དུ་བྱུང་ཞིང་། ཀྲུང་གོའི་རིག་གནས་ཀྱི་ཉིང་བཅུད་ལྟ་བུར་གྲགས་པའི་ཅིན་ཅུས་ཟློས་གར་ལས་ཀྱང་ལོ་ངོ400ཡིས་སྔ་བ་ཡོད་ལ། བོད་ཀྱི་རིག་གནས་ཀྱི་“འགྱུར་རྡོ་གསོན་པོ” ཞེས་བརྗོད་པ་རེད།   
            བོད་ལྗོངས་ལྷ་མོ་ཟློས་གར་ནི་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་མ་ཡུམ་ལྟ་བུ་ཡིན་ཞིང་། དེ་གྲྭ་བཙུན་དང་གནས་མཇལ་ལ་ཕེབས་པའི་མང་ཚོགས་ཀྱིས་མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན་བཅས་བོད་རིགས་འདུས་སྡོད་བྱས་པའི་ཞིང་ཆེན་བཞི་རུ་དར་སྤེལ་བཏང་སྟེ། མཚོ་སྔོན་གྱི་རྨ་ལྷོའི་ཟློས་གར་དང་ཀན་སུའུ་ཡི་ཀན་ལྷོའི་ཟློས་གར། སི་ཁྲོན་གྱི་གསེར་རྟའི་ཟློས་གར་སོགས་སུ་གྱེས་པ་དང་། རྒྱ་གར་དང་འབྲུག་ཡུལ་སོགས་བོད་རིགས་འདུས་སྡོད་ས་ཁུལ་དུའང་བོད་ཀྱི་ཟློས་གར་དར་ཁྱབ་བྱུང་ཡོད་པ་རེད།


ཟློས་གར་འཁྲབ་སྟོན་པ་ཚོས་ཟློས་གར་འཁྲབ་སྟོན་གྱོན་ཆས་གོན་ནས་ཟློས་གར་སྦྱོང་བར་གྲ་སྒྲིག་བྱེད་བཞིན་པ།

            བོད་ཀྱི་ཟློས་གར་གྱི་གཞས་གདངས་མཐོ་ལ་གདངས་དབྱངས་རེ་རེ་མིའི་ངག་གི་དབྱངས་རྟར་སྦྱར་ཞིང་། རམ་དཀྲོལ་རོལ་ཆས་ནི་རྔ་གཅིག་དང་ཆ་ལང་གཅིག་ཡིན་པ་དང་། འཁྲབ་སྟོན་སྤྱིར་བཏང་དུ་ཁག་གསུམ་ལ་དབྱེ་སྲོལ་ཡོད། ཁག་དང་པོ་ནི་འདོན་ཡིན་ལ་དེ་གཙོ་བོ་འཁྲབ་སྟོན་འགོ་ཚུགས་པའི་ལྷ་ལ་མཆོད་པ་འབུལ་བའི་གླུ་དང་བྲོ་ཡིན།  ཁག་གཉིས་པ་ནི་གཞུང་ཡིན་ཞིང་དེར་གཙོ་བོ་ཟློས་གར་དངོས་འཁྲབ་སྟོན་བྱེད་པ་རེད། ཁག་གསུམ་པ་ནི་བཀྲ་ཤིས་འཇོག་པ་སྟེ་དེ་ནི་བཀྲ་ཤིས་རྟེན་འབྲེལ་བཟང་བོ་འཇོག་པའི་དོན་ཡིན།  ནམ་རྒྱུན་འཁྲབ་སྟོན་བགྱི་བའི་བོད་ཀྱི་སྲོལ་རྒྱུན་ཟློས་གར་ལ《རྒྱ་བཟའ་ཀོང་ཇོ》དང《ཆོས་རྒྱལ་ནོར་བཟང》སོགས་ཟློས་གར་ཆེན་མོ་བརྒྱད་ཡོད་ཅིང་། དེ་དག་མང་ཆེ་བའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་འདུས་ཡོད།  བོད་ཀྱི་ཟློས་གར་གྱི་གྱོན་གོས་ལ་ཟློས་གར་གྱི་འགོ་ནས་མཇུག་བར་དུ་སྣ་གཅིག་ལས་མེད་ཅིང་། གཙོ་བོ་ཞལ་འབག་གྱོན་ནས་འཁྲབ་སྟོན་བྱེད་པ་རེད།  མི་རྣམས་ཀྱིས་བོད་ཀྱི་ཟློས་གར་ལ་གཟིགས་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་བྱས་ཆོག་ལ། དེ་ནི་སྒྱུ་རྩལ་པ་རྣམས་ཀྱིས་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་བའི་ལོ་རྒྱུས་ཀྱི་རི་མོ་ཡིན་པ་རེད།


ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

            བོད་ལྗོངས་ལྷ་སའི་དམངས་ཁྲོད་ཀྱི་ཟློས་གར་འཁྲབ་སྟོན་རུ་ཁག་ཅིག་གི་སྦྱོང་བརྡར་བྱེད་གནས་ཀྱི་འཁྲབ་སྟོན་པ་མང་ཆེ་ཤོས་དུས་རབས་སྔོན་མའི་ལོ་རབས80ཡི་གཞུག་ནས་སྐྱེས་པའི་ན་གཞོན་དག་ཡིན་པ་དང་།   ཁོ་ཚོས་ཟློས་གར་སློབ་སྦྱོང་དང་འཁྲབ་སྟོན་བྱ་རྒྱུ་རང་གི་གཟི་བརྗིད་དུ་བརྩི་ཞིང་རང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་བཞིན་པ་རེད།   དེ་མིན་བོད་ཀྱི་ཟློས་གར་ལ་གཙིགས་མཐོང་ཆེན་པོ་བྱས་པ་དང་བསྟུན་ནས། ཟློས་གར་ཚོགས་པ་རྣམས་ཀྱི་འཁྲབ་སྟོན་གྱི་གོ་སྐབས་ཇེ་མང་ནས་ཇེ་མང་དུ་གྱུར་བ་མ་ཟད། ལོ་ཆུང་གཞོན་སྐྱེས་རྣམས་ལ་གཏན་འཇགས་ཀྱི་ཡོང་སྒོའང་བསྐྲུན་ཡོད་པ་རེད། 
            བོད་ཀྱི་ཟློས་གར་ནི་བོད་རིགས་ཀྱི་ཟློས་གར་སྤྱི་ལ་བརྗོད་པ་ཡིན་ལ། དེ་ཕལ་ཆེར་ལོ་ངོ600ལྷག་གི་ཡར་སྔོན་དུ་བྱུང་ཞིང་། ཀྲུང་གོའི་རིག་གནས་ཀྱི་ཉིང་བཅུད་ལྟ་བུར་གྲགས་པའི་ཅིན་ཅུས་ཟློས་གར་ལས་ཀྱང་ལོ་ངོ400ཡིས་སྔ་བ་ཡོད་པ་དང་། བོད་ཀྱི་རིག་གནས་ཀྱི་“འགྱུར་རྡོ་གསོན་པོ” ཞེས་བརྗོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།