《ས་ཡོམ་གྱི་སྐབས་སུ》ཞེས་པའི་ཡུལ་ཤུལ་ས་ཡོམ་ཆེན་པོའི་འཕྲིན་གསར་ཕྱོགས་བསྒྲིགས་པར་དུ་བསྐྲུན་པ།
《ས་ཡོམ་གྱི་སྐབས་སུ》ཞེས་པའི་ཡུལ་ཤུལ་ས་ཡོམ་ཆེན་པོའི་འཕྲིན་གསར་ཕྱོགས་བསྒྲིགས་
པར་དུ་བསྐྲུན་པ།(པར་རིས། བོད་མིའི་རིག་གནས་དྲ་བ་ལས་བཤུས།)
2010ལོའི་ཟླ4བའི་ཚེས15ཉིན་ནི་ཡུལ་ཤུལ་ས་ཡོམ་ཆེན་པོ་བྱུང་བའི་ཉིན་གཉིས་པ་ཡིན་ལ། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ། ཡུལ་ཤུལ་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྨྱན་བྱེད་པ་རྣམས་ཀྱིས་གསར་འགྱུར་འགོད་པའི་འགོ་བརྩམས། ཡུལ་ཤུལ་གསར་འགོད་པས་སྐྱེ་རྒུ་གྲོང་བརྡལ་ནས《ཡུལ་ཤུལ་གནོད་སེལ་མྱུར་སྐྱོབ་ཀྱི་བྱ་བ་སྤེལ་བ》བྱས་པ་ནས་འགོ་བཙུགས་ཏེ་གསར་འགྱུར་རིམ་པ་དང་པོ་སྤེལ། ས་ཡོམ་གྱི་དུས་དེར། གསར་འགོད་པ་རྣམས་ཀྱིས་ཞུམ་མེད་ཀྱི་སྙིང་སྟོབས་ཆེན་པོས་ཡུལ་དངོས་སུ་སོང་ནས་གནོད་ཁུལ་གྱི་གསར་འགྱུར་གལ་ཆེན་དུས་ལྟར་བཀོད་པ་རེད།
འཕྲིན་གསར་ཕྱོགས་བསྒྲིགས་འདི་ནི་ས་འགུལ་བྱུང་རྗེས་ཀྱི་ཟླ་གཉིས་རིང་ལ་བསྒྲིགས་པའི་བརྗོད་བྱ་གསར་འགྱུར200ཡིས་གྲུབ་པ་ཞིག་ཡིན་ཞིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྤེལ་བའི《ས་ཡོམ་གྱི་སྐབས་སུ》ཞེས་པ་འདིས་གསར་འགྱུར་ཁྱབ་བསྒྲགས་བྱེད་པ་དངམཉམ་དུ། ཚེ་སྲོག་ལ་བཅངས་བའི་བརྩེ་སེམས་ཀྱང་མངོན་པར་མཚོན་ཡོད།
《ས་ཡོམ་གྱི་སྐབས་སུ》ཞེས་པའི་སྤྱིའི་ཇུས་འགོད་པ་ནི་ཝུན་ཀའོ་ཏུང་དང་། ཇུས་འགོད་པ་ལི་ཡུས་ཡུན་དང་ཀྲོའུ་ཧུང་ཡོན་གཉིས་ཡིན། རྩོམ་སྒྲིག་པ་གཙོ་བོ་རྟ་མགྲིན་ཚེ་རིང་དང་། བཀྲ་ཤིས་དཔལ་སྒྲོན། ངག་དབང་བུན་ཁྲང་བཅས་ཡིན་ཞིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com