མེ་ཏོག་ཚན་སྡེབ་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ནོར་འཚོལ་དུ་ཕྱིན་པ།

རྩོམ་པ་པོ།:ཚེ་བཀྲ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-07-08 10:31:00 ཀློག་གྲངས།:


མེ་ཏོག་ཚན་སྡེབ།

མེ་ཏོག་ཚན་སྡེབ།

མེ་ཏོག་ཚན་སྡེབ་ལས་བསྟན་པའི་དབང་མོ།

མེ་ཏོག་ཚན་སྡེབ་ལས་རྔ་པའི་སྐལ་བཟང་སྐྱིད།

            མགྲིན་ངག་སྙན་མོ་བོད་པ་རྣལ་མའི་སེམས་ཀྱི་གདང་དབྱངས་སུ་འབོད་པའི་དེང་རབས་ན་གཞོན་བུ་མོའི་ཚན་སྡེབ་སྟེ། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བསྟན་པ་མཛེས་མའི་ལུང་པའི་བསྟན་པ་དབང་མོ་དང་རྔ་བ་ཆང་རིགས་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་སྐལ་བཟང་སྐྱིད་གཉིས་ཀྱིས་སྡེབ་པའི་མེ་ཏོག་ཚན་སྡེབ་གཉིས་ཀྱི་གླུ་སྐད་སྙན་མོ་དེར་རིམ་གྱིས་བོད་ནང་མ་ཟད་པའི་སྤྱི་ཚོགས་ཡོངས་ནས་དོ་སྣང་དང་བགྲོ་གླེང་གི་རྣམ་པ་གསར་པ་ཞིག་ཆགས་འདུག  སྤྱིར་ཁོ་མོ་གཉིས་ད་ལྟའི་ཆུ་ཚད་ཀྱི་འཁྲབ་སྟོན་དེས་རང་གི་ཁེ་གྲགས་དང་ཁེ་ཕོག་ལོངས་སྤྱོད་ལ་མདུན་ལྗོངས་བཟང་པོ་ཞིག་ཡོད་ནའང་ཁོ་མོ་གཉིས་ཀྱིས་ཅིས་ཀྱང་བོད་དམངས་ཁྲོད་ཀྱི་རུས་རྐང་དུ་སིམ་པའི་སྒྱུ་རྩལ་ཁྱད་ནོར་དེ་སྔོག་འདོན་དང་དེ་ཉིད་ཡར་རྒྱས་སུ་གཏང་རྒྱུའི་ཕུགས་འདུན་བརྟན་པོ་དེ་སྙིང་ལ་བཅངས་ནས་མིག་སྔར་ཁོ་མོ་གཉིས་རང་གི་ཕ་ཡུལ་ལ་བསྐྱོད་ནས་འཚོ་བ་དངོས་ཀྱི་ཁྲོད་ནས་ཕུན་སུམ་ཚོགས་པའི་མེས་པོའི་སྒྱུ་རྩལ་གྱི་རྣམ་པ་ཡན་གར་པ་དེ་འཚོལ་ཞིབ་ལག་ལེན་བྱེད་ཀྱིན་ཡོད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།