རྒྱལ་ཡོངས་ཡུལ་སྐོར་ལྗོངས་རྒྱུ་ཚོགས་པའི་ལས་བྱེད་རྐང་འཛིན་པས་མཚོ་སྔོན་དུ་ཁྱབ་སྒྲོག་ཚོགས་འདུ་བསྡུས།

རྩོམ་པ་པོ།:སྟག་དམར་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-08 12:05:00 ཀློག་གྲངས།:

ཚོགས་རའི་སྟེགས་བུ་རུ་སེམས་ཞིབ་མོས་མགོ་འཛིན་མཛད་བཞིན་པ།

        ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་ལྗོངས་རྒྱུ་མཐུན་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་དང་ཀྲུང་གོ་ལྗོངས་རྒྱུ་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་མཛེས་པའི་མཚོ་སྔོན་ཁྱབ་སྒྲོག་ཚོགས་འདུ་དེ་2011ལོའི་ཟླ་7པའི་ཚེས6ལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐས་རིམ་ཚོམས་ཆེན་ནས་བསྡུས་ཤིང་། ཐོག་མར་འགོ་ཁྲིད་རྣམས་ཀྱིས་རང་སློབ་གྲྭར་འཚམས་འདྲིའི་ལེགས་སྐྱེས་སུ་འོ་མ་ཤོག་སྒམ་བརྒྱ་ལྷག་ཁྱེར་ཡོང་སྟེ་སློབ་ཁང་སོ་སོ་རུ་གཟིགས་ཞིབ་ཕེབས་ཏེ་ལོ་ཆུང་བྱིས་པ་རྣམས་ལ་ཡུལ་དངོས་ནས་སློབ་སྦྱོང་བཟང་བོ་བྱེད་དགོས་པའི་སྐུལ་ལྕག་ཏུ་འཚམས་རྟགས་བྱིན།    

        ཐེངས་འདིའི་ཚོགས་འདུར་ཀྲུང་གོ་རྒྱལ་སྤྱིའི་ལྗོངས་རྒྱུ་མཐུན་ཚོགས། ཀྲུང་གོ་ལྗོངས་རྒྱུ་མཐུན་ཚོགས། ཞང་ཀང་དང་ཨོ་མིན།  ཟི་ཁྲོན།  ཀུང་ཏོན།    ཞ་མིན་ལྗོངས་རྒྱུའི་ཀུང་ཟི་སོགས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་ཚོགས་པའི་རྐང་འཛིན་ལས་བྱེད་མི་སྣ་ཉིས་བརྒྱ་ལྷག་གིས་ལྷག་བསམ་དྲོན་མོ་རུམ་ལ་བཅུག་སྟེ་དུས་ལྟར་རྨ་ཡུལ་ཁྲི་ཀར་འབྱོར།               

ཡུལ་སྐོར་ལྗོངས་རྒྱུ་དང་འབྲེལ་བའི་གཏམ་བཤད་གལ་ཆེན་གནང་བ།

         མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་ཡུལ་སྐོར་ལྗོངས་རྒྱུའི་མ་ལག  ཡུལ་སྐོར་ལྗོངས་རྒྱུའི་དཔལ་འབྱོར་གོང་སྤེལ་ལ་རོགས་རམ་བྱེད་པ་བཅས་ཀྱི་ཆེད་དུ་ཀྲུང་གོའི་ཡུལ་སྐོར་ལྗོངས་རྒྱུ་མཐུན་ཚོགས་དང་ཡན་ལག་ཡུལ་སྐོར་ལྗོངས་རྒྱུའི་ལས་ཁུངས་སོ་སོ་ནས་ཕན་ཚུན་ལ་གྲོས་འདོན་ཡི་གེ་(倡议书)བྲིས་ཤིང་རྣམ་དག་ལྷག་བསམ་འབུལ་ཏེ་དང་བླངས་མིང་རྟགས་འགོད་པའི་(签字仪式)ཆོ་ག་སྤེལ་བ་དང་། ཚོགས་ཐོག་ཏུ་ཀྲུང་དབྱང་ཡུལ་སྐོར་ཚོགས་པའི་འགོ་ཁྲིད།  མཚོ་སྔོན་ཡུལ་སྐོར་མཐུན་ཚོགས་ཀྱི་འཐུས་ཚབ་འགོ་ཁྲིད།  ཚེ་རིང་ཐར་རྫོང་དཔོན་སོགས་ཀྱིས་ཚོགས་འདུའི་དགོས་པ་དང་དམིགས་ཡུལ།  ཁྲི་ཀ་མཚམས་སྦྱོར་སོགས་ཀྱི་གཏམ་བཤད་གལ་ཆེན་གནང་། 

ཚོགས་རའི་ཟུར་ངོས་ཤིག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།