མཚོ་བསྐོར་ལྕགས་རྟ་འགྲན་ཐེངས་བརྒྱད་པ་ཁྲོད་ཀི་ལེ་ཀི་ཡིས་སྔར་བཞིན་ལྭ་བ་སེར་བོ་གྱོན་པ།
མཚོ་བསྐོར་ལྕགས་རྟ་འགྲན་བསྡུར།
ཟླ7པའི་ཚེས9ཉིན། མཚོ་བསྐོར་ལྕགས་རྟ་འགྲན་སྡུར་ཐོག་མར་ཞིང་ཆེན་གཞན་པར་བསྐྱོད། འགྲན་ཞུགས་པ་རྣམས་སྤྱི་ལེ239ལྷག་བརྒྱུད་རྗེས། ཟི་ལིང་ནས་ཀན་སུའུ་ཞིང་ཆེན་ལན་ཀྲིག་གྲོང་ཁྱེར་དུ་ཐོན། མཇུག་མཐར་ཀྲུང་ཧྭ་ཐེ་པེ་རུ་ཁག་གི་ལོ་ཅེ་སི་ཡིས་འགྲན་ཐེངས་དེའི་ཨང་དང་པོ་བླངས་པ་དང་། སི་ལོ་ཝུན་ཉི་ཡའི་ཕུའུ་ཐུའུ་དབྱི་ལྕགས་རྟ་རུ་ཁག་གི་འགྲན་ཞུགས་པ་ཀི་ལེ་ཀི་ཡིས་དེའི་རྗེས་བསྙེགས་ནས་མུ་མཐུད་དུ་ལྭ་བ་སེར་བོ་གྱོན་ལ། འདི་ནི་ཁོས་འགྲན་སྡུར་ཁྲོད་དུ་བསྟུད་མར་ཐེངས་ལྔ་བར་གྱོན་པའི་ལྭ་བ་སེར་བོ་རེད། འགྲན་ཐེངས་བརྒྱད་པའི་ཁྲོད་དུ་དབྱི་ལང་གི་ལྕགས་རྟ་རུ་ཁག་གི་འགྲན་ཞུགས་པ་རྒན་པ་པའོ་ལེ་སི་ལ་མཆོང་རྒྱུགས་ཨང་དང་པོའི་ལྭ་བ་ལྗང་ཁུ་ཐོབ་ལ། ཨེ་ཤ་ཡའི་ཨང་དང་པོའི་ལྭ་བ་སྔོན་པོ་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་འགྲན་ཞུགས་པ་ཏི་མེ་ཐི་ལེ་ལ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com