ཨ་མྱེས་རྨ་ཆེན་རིག་གནས་འཛིན་སྤེལ་ཞིབ་འཇུག་གཞི་སའི་བྱང་འགེལ་མཛད་སྒོ།
ཨ་མྱེས་རྨ་ཆེན་རིག་གནས་འཛིན་སྤེལ་ཞིབ་འཇུག་གཞི་སའི་བྱང་འགེལ་མཛད་སྒོ།
ཟླ7ཚེས10ཉིན། མགོ་ལོག་ཁུལ་རྨ་ཆེན་རྫོང་ཨ་མྱེས་རྨ་ཆེན་རིག་གནས་འཛིན་སྤེལ་ཞིབ་འཇུག་གཞི་ས་ལེགས་འགྲུབ་བྱུང་སྟེ་རྟ་བོ་གྲོང་རྡལ་དུ་སྒོ་བྱང་བཀལ་ཞིང་། རྨ་ཆེན་རྫོང་གི་ཏང་སྲིད་འགོ་ཁྲོད་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་སྒོ་བྱང་འགེལ་བའི་མཛད་སྒོ་ལ་ཞུགས།
སྒོ་བྱང་།
ཨ་མྱེས་རྨ་ཆེན་རིག་གནས་འཛིན་སྤེལ་ཞིབ་འཇུག་གཞི་ས་དེ2011ལོའི་ཟླ5ཚེས10ཉིན་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཡེ་ཤེས་འབྱུང་གནས་དང་ཡེ་ཤེས་རྡོ་རྗེ་གཉིས་ཀྱིས་མ་དངུལ་སྒོར་ཁྲི300ལྷག་བཏང་ཞིང་། ད་ལྟའི་བར་འཛིན་སྤེལ་ཞིབ་འཇུག་གཞི་ས་སྨི་གྲུ་བཞི་མ1000ལྷག་དང་མི་སྣ21ཡོད། རྗེས་ཕྱོགས་མུ་མཐུད་དུ་མ་དངུལ་སྒོར་ཁྲི600ལྷག་བཏང་སྟེ་སྨི་གྲུ་བཞི་མ20000ཅན་གྱི་རྟེན་གཞི་ཞིག་འཛུགས་འཆར་ཡོད་པ་རེད།
རྨ་ཆེན་རྫོང་རྫོང་དཔོན་གྱིས་གསུང་བཤད་གནང་བ།
ལེགས་འགྲུབ་བྱུང་བའི་འཛིན་སྤེལ་ཞིབ་འཇུག་གཞི་ས་འདི་ནི་རྨ་ཆེན་རྫོང་ཁོ་ནར་མ་ཟད་ཁུལ་ཡོངས་ཀྱི་ཆེས་གལ་ཆེ་བའི་བོད་ཀྱི་རིག་གནས་ཞིབ་འཇུག་དང་རྒྱུན་འཛིན་ས་གནས་ཤིག་ཏུ་འགྱུར་ངེས་ཤིང་། རྨ་ཆེན་རྫོང་གི་དམངས་ཁྲོད་རིག་གནས་དང་། ཡུལ་སྲོལ་གོམས་གཤིས་སོགས་སྔར་ལས་ལྷག་པར་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དོན་སྙིང་ཆེན་པོ་ལྡན་པ་རེད།
རྨ་ཆེན་རྫོང་ནི་བོད་ཀྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་ཤིང་བོད་ཀྱི་རིག་གནས་ལོ་རྒྱུས་ཅུང་རིང་བའི་རྫོང་ཞིག་ཡིན་ལ། གེ་སར་དང་། ཨ་མྱེས་རྨ་ཆེན་གྱི་གཏམ་རྒྱུད། ཆོས་ལུགས། དམངས་སྲོལ་རིག་གནས་སོགས་ལ་ཞིབ་འཇུག་གི་རིན་ཐང་ལྡན་པར་མ་ཟད་རྒྱུན་འཛིན་གྱི་དགོས་གལ་རང་བཞིན་ཡང་ཤིན་ཏུ་ཆེ།
བླ་མ་ཡེ་ཤེས་འབྱུང་གནས་ལགས་ཀྱིས་སྒོ་བྱང་འགེལ་བའི་མཛད་སྒོ་སྟེང་གསུང་བཤད་གནང་བ།
རྟེན་གཞི་འདིའི་འགན་ཁུར་བ་བླ་མ་ཡེ་ཤེས་འབྱུང་གནས་ལགས་ཀྱིས་སྒོ་བྱང་འགེལ་བའི་མཛད་སྒོ་སྟེང་བསྟན་དོན། རྗེས་སོར་རྟེན་གཞི་འདིས་བོད་ཀྱི་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་དང་སྲུབ་སྐྱོང་བྱ་བར་དམ་དུ་དམིགས་པ་དང་། ཨ་མྱེས་རྨ་ཆེན་གྱི་འབྲེལ་ཡོད་རིག་གནས་ཐོན་ཁུངས་དྲིལ་སྒྲོག་དང་དར་སྤེལ་གཏོང་བར་ཤུགས་བསྣན་ཏེ། མི་རིགས་རིག་གནས་ཤུལ་བཞག་གི་ཁྱབ་སྤེལ་ལ་མཐུན་རྐྱེན་བསྐྲུན་ཅི་ཐུབ་ཀྱིས་མི་རིགས་དང་ས་གནས་རིག་གནས་ཤུལ་བཞག་སྔར་ལས་ལྷག་པར་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ཡིན་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com