མཚོ་སྔོན་གྱི་འགུལ་རིས་གློག་བརྙན་ཐོག་མ《ཨ་ཁུ་སྟོན་པ》ལོ་མཇུག་ཏུ་ཚོང་རར་འགྲེམ་གྲབས་ཡོད་པ།
ཉེ་སྔོན། ཨ་ཁུ་སྟོན་པའི་སྒྲུང་གཏམ་རྒྱུ་ཆ་བྱས་པའི་འགུལ་རིས་གློག་བརྙན《ཨ་ཁུ་སྟོན་པ》ཞེས་པ་ཚ་ཚ་དྲག་དྲག་གིས་བཟོ་སྒྲིག་བྱེད་བཞིན་ཡོད་པ་དང་། ད་ལོའི་ལོ་མཇུག་ཏུ་ལེགས་སྒྲིག་བྱས་ཚར་རྗེས་ཚོང་རར་འགྲེམ་སྤེལ་བྱེད་གྲབས་ཡོད།
ཨ་ཁུ་སྟོན་པའི་གཏམ་རྒྱུད་ནི་བོད་དམངས་ཁྲོད་དུ་ས་ཁྱབ་རྡོ་བརྡལ་དུ་སོང་བ་ཞིག་ཡིན་ཞིང་། མི་སྣ་གཙོ་བོ་ཨ་ཁུ་སྟོན་པ་ནི་བཤུ་གཞོག་དང་གཉའ་གནོན་མྱངས་བཞིན་པའི་ཞིང་བྲན་ཞིག་ཡིན་པ་སྟེ། ཁོང་གིས་ཐབས་དང་བློ་གྲོས་ལ་བརྟེན་ནས་རྨོངས་རྟུལ་ཅན་གྱི་རྒྱལ་བོ་དང་། གདུག་རྩུབ་ཅན་གྱི་ཞིང་བདག བརྣབ་སེམས་ཆེ་བའི་ཚོང་བ་སོགས་ལ་ངོ་རྒོལ་བྱས་པ་བརྒྱུད་སྒེར་སེམས་ཆེ་བའི་མི་རྣམས་ལ་བསླབ་བྱ་བཏང་བ་དང་མཉམ་དུ། སྡུག་བསྔལ་གྱིས་མནར་བའི་མི་རྣམས་ལ་རོགས་རམ་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་འཚོལ་སྙེག་བྱེད་བཞིན་པ་བསྟན་ཡོད།
ཟླ7པའིཚེས6ཉིན། འགུལ་རིས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལས་གཞིའི་འགན་ཁུར་བ་དབྱང་ཅན་གྱིས“འགུལ་རིས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ལས་གཞིས་འགུལ་རིས་བརྩམས་ཆོས་ལ་བརྟེན་ནས་མི་རིགས་རིག་གནས་གྱི་རྒྱུ་ཆ་དང་དེང་རབས་ཀྱི་མཐོང་ཚོར་སྒྱུ་རྩལ་ཟུང་འབྲེལ་སྒོས་དམངས་ཁྲོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བོད་རིགས་རིག་གནས་དར་སྤེལ་བྱེད་ཐུབ་པ་མ་ཟད། ལྗོངས་རྒྱུའི་ལས་རིགས་ཀྱང་དར་སྤེལ་གཏོང་ཐུབ།”ཞེས་མཚམས་སྦྱོར་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། 《ཨ་ཁུ་སྟོན་པ》ནི་རང་རེའི་ཞིང་ཆེན་གྱི་བོད་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པས་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་སྤེལ་བའི་འགུལ་རིས་གློག་བརྙན་ཞིག་ཡིན་ལ། ཀྲུང་དབྱང་བརྙན་འཕྲིན་ཁང་དང་། ས་གནས་སོ་སོའི་བརྙན་འཕྲིན་ཁང་། དཔེ་སྐྲུན་ཁང་སོ་སོ། ཕྱི་རྒྱལ་གྱི་འགུལ་རིས་དཔེ་སྐྲུན་ཚོང་བ་སོགས་སུ་འགྲེམ་སྤེལ་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com