ཁྲི་ཀ་རྫོང་གི་མི་ཉག་མཆོད་རྟེན་བསྐྱར་བཞེངས་ལས་གཞི་མི་འགྱངས་བར་ལེགས་འགྲུབ་འབྱུང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-12 09:39:00 ཀློག་གྲངས།:


རྔམ་བརྗིད་ལྷུན་ཆགས་ཀྱི་མི་ཉག་མཆོད་རྟེན། 

མཆོད་རྟེན་ནང་ངོས་ཀྱི་སྤྱི་ཁོག


མཆོད་རྟེན་ནང་ངོས་ཀྱི་ལྷ་སྐུ།

            ཟླ7ཚེས10ཉིན་གྱི་སྔ་དྲོར།  མཚོ་སྔོན་པོ་དྲ་བའི་གསར་འགོད་པ་དངོས་སུ་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་ལ་སོང་སྟེ་རྒྱུས་ལོན་བྱས་པ་ལྟར་ན།   ཁྲི་ཀ་རྫོང་རྨ་ཆུའི་ལྷོ་འདབས་ཀྱི་མི་ཉག་མཆོད་རྟེན་ཟླ7པའི་ཟླ་མཇུག་གམ་ཟླ8པའི་ཟླ་སྟོད་དུ་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་ཡིན་པ་མ་ཟད།   ལེགས་འགྲུབ་བྱུང་བའི་མཛད་སྒོའང་བསྡུས་རྒྱུ་ཡིན་པ་རེད། 


མཆོད་རྟེན་ནང་ངོས་ཀྱི་ལྡེབས་རིས་སྒྱུ་རྩལ། 

དཔའ་ལུང་ནས་ཡོང་བའི་ལྷ་བཟོ་ལེ་ཡིན་ཏིའུ་ཡིས་སྐུ་རིས་འབྲི་བཞིན་པ། 


མཆོད་རྟེན་སྐོར་ལམ། 


མི་ཉག་མཆོད་རྟེན་གཟུངས་འཇུག་ཚཱ་ཚཱ་དཔར་བའི་ཡུལ་མི་རྣམས།
  

            ཡུལ་དངོས་ལས་གཞིའི་བྱ་བ་ཤིན་ཏུ་བྲེལ་འཚུབ་ཆེ་སྟེ།  ལས་གཞི་མཇུག་རྫོགས་པའི་བྱ་ལས་རྣམས་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ཅིང་།   འཛུགས་སྐྲུན་བཟོ་དབྱིབས་ཀྱི་རྣམ་པ་དང་ལྟ་ན་སྡུག་པའི་ལྡེབས་རིས་སོགས་ཀྱི་སྒྱུ་རྩལ་ལས་མི་ཉག་མཆོད་རྟེན་ལ་སྔ་ན་མེད་པའི་མཚར་སྡུག་བསྐྲུན་ཡོད་པ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།