མགོ་ལོག་གི་རྣམ་གྲངས་གཉིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཀྱི་མིང་ཐོར་བཀོད་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:མགོ་ལོག་ཚགས་པར་ཁང་།  དུས་ཚོད།:2011-07-12 09:56:00 ཀློག་གྲངས།:

            ཉེ་དུས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་སྐོར་གསུམ་པ་ཁྱབ་བསྒྲགས་བྱས་པ་དང་། མགོ་ལོག་ཁུལ་གྱིས་རེ་ཞུ་བྱས་པའི“ཨ་མྱེས་རྨ་ཆེན་གངས་རིའི་ངག་རྒྱུན”དང“པད་མ་རྫོང་གི་མཁར་རྫོང་འཛུགས་སྐྲུན་ལག་རྩལ”གཉིས་འདེམས་ཐུབ་པ་བྱུང་སོང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྐོར་གསུམ་པའི་མིང་ཐོར(དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་ལག་རྩལ)བདམས་ཐོན་བྱུང་བའི་རྣམ་གྲངས་གཅིག་རྐྱང་རེད། ད་ལྟའི་རིང་བར་མགོ་ལོག་ཁུལ་དུ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བཀོད་པའི་རྣམ་གྲངས་བཞི་ཡོད་པ་དང་། དེ་དག་རེ་རེ་བཞིན“མཚོ་སྔོན་རྟ་ཐོག་ལྷ་མོའི་ཟློས་གར”དང“སྡེར་ནང་གསར་བྲིས”“པད་མ་རྫོང་གི་མཁར་རྫོང་འཛུགས་སྐྲུན་ལག་རྩལ”“ཨ་མྱེས་རྨ་ཆེན་གངས་རིའི་ངག་རྒྱུན”བཅས་རེད། ཁུལ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བདམས་པའི་རྣམ་གྲངས་གསུམ་ཡོད་པ་ནི། “གཉན་པོ་གཡུ་རྩེའི་ལྷ་སྒྲུང”དང་“འབྲུག་མོའི་ངག་རྒྱུན”“རྨ་ཡུལ་གེ་སར་གྱི་ངག་རྒྱུན་ལོ་རྒྱུས་སྙན་ངག”བཅས་རེད།
            མགོ་ལོག་ཁུལ་སྲིད་གཞུང་གིས་ཁུལ་དང་རྫོང་གི་རིག་གནས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་དང་། དོ་དམ་བྱེད་པའི་ལས་ཀའི་ཁྲོད་དུ། གཟབ་ནན་ངང“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་དང་པོ། བཀོལ་སྤྱོད་ལུགས་མཐུན། རྒྱུད་འཛིན་དར་སྤེལ”སོགས་ལས་ཀའི་བྱེད་ཕྱོགས་ལག་ལེན་དོན་འཁྱོལ་བྱེད་དགོས་པ་དང་། ཚན་རིག་གི་སྲུང་སྐྱོབ་བྱ་ཐབས་ཀྱི་གཞུང་ལུགས་རྒྱུན་འཁྱོངས་བྱས་ཏེ། མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཡིག་ཚགས་སྐྲུན་པ་དང་སྙན་ཞུ་འབུལ་བ་སོགས་ཀྱི་ལས་དོན་དོན་འཁྱོལ་བྱེད་པ། མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་རྣམ་གྲངས་སྲུང་སྐྱོབ་དང་རྒྱུད་འཛིན། དོ་དམ་སོགས་ཀྱི་ལས་ཀ་གང་ལེགས་བསྒྲུབས་ནས། ནུས་ཤུགས་ཡོད་ཚད་བཀོལ་ཏེ་མགོ་ལོག་ཁུལ་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱ་རྒྱུའི་རེ་བ་བཏོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།