མགོ་ལོག་ཁུལ་ནས་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-07-13 08:50:00 ཀློག་གྲངས།:


འགྲན་སྡུར་གསལ་བསྒྲགས་པར་རིས། 

            ཉེ་ལམ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་རིག་གནས་ལུས་རྩལ་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མགོ་ལོག་དམངས་གླུ་འགྲན་སྡུར་ཏེ་གླིང་དཀར་སྟོད་ཀྱི་དྲུག་འགྱུར་ཞེས་པ་དེ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་ནས་བསྡུས། རེབ་འདིའི་འགྲན་སྡུར་ནི་ད་ལོའི་ལུགས་གསར་གྱི་ཟླ་དགུ་པའི་ནང་ཟི་ལིང་ནས་བསྡུ་རྒྱུ་ཡིན་པའི་བོད་ཁམས་དམངས་གླུ་འགྲན་བསྡུར་ལ་སྟ་གོན་བྱ་བའི་ས་གནས་རང་བཞིན་གྱི་ཐོག་མའི་འགྲན་སྡུར་དུ་གཏོགས་ལ། རྒྱུས་ལོན་པའི་གནས་ཚུལ་ལྟར་ན། ཞིང་ལྗོངས་ལྔའི་ཁུལ་དང་རྫོང་སོ་སོར་ཐོག་མའི་འགྲན་བསྡུར་བྱ་ཡུལ་བཙུགས་ཡོད། དེ་དག་རིམ་བརྒྱུད་ཀྱིས་འགྲན་བསྡུར་ལ་ཞུགས་རྗེས་ད་གཟོད་ཟླ་དགུ་པའི་ནང་སྤེལ་རྒྱུ་ཡིན་པའི་བོད་ཁམས་ཀྱི་དམངས་གླུའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་ནས་གནའ་མཁར་ཟི་ལིང་ནས་རྒྱལ་ཕམ་གྱི་དབྱེ་བ་འབྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།