མཐོ་སྒང་དུ་བཞད་པའི་རེབ་གོང་ལྷ་རིས་སྒྱུ་རྩལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ཝུའུ་ཐུན་སྡེ་བའི་སྐལ་བཟང་ལྷུན་འགྲུབ་ཀྱིས་ཐང་ཀ་འབྲི་བཞིན་པ།
རེབ་གོང་ནི་བོད་རིགས་གཙོ་ཡིན་ཞིང་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན། གནས་འདིའི་བོད་ཀྱི་རིག་གནས་ལོ་རྒྱུས་ཅུང་རིང་བ་དང་མི་རིགས་བར་གྱི་རིག་གནས་ཕན་ཚུན་འབྲེལ་འདྲིས་ཟབ་ལ། ཁྱད་དུ་འཕགས་པའི་ལོ་རྒྱུས་རིག་གནས་ཀྱི་རྣམ་པ་གྲུབ་ཡོད། གནས་འདིའི་ཡུལ་མི་རྣམས་ཀྱིས་ཤེས་རབ་དང་བློ་རིག་ལ་བརྟེན་ནས་ཕུན་སུམ་ཚོགས་པའི་རིག་གནས་བསྐྲུན་པ་རེད།
རེབ་གོང་སྒྱུ་རྩལ་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆ་གལ་ཆེ་ཤོས་དེ་ཡིན་ལ། དུས་རབས15ནས་བཟུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་རོང་བོ་དགུ་ཆུ་ཉེ་འགྲམ་དུ་འདབ་ལག་རྒྱས་ཤིང་། ལོ་ངོ100ལྷག་གི་རིང་ལ་གནས་འདི་རུ་དམངས་ཁྲོད་དུ་སངས་རྒྱས་ཆོས་ལུགས་ལྷ་རིས་སྒྱུ་རྩལ་གྱི་ལས་ལ་བརྩོན་པའི་སྒྱུ་རྩལ་པ་གང་མང་མཆིས་ལ། བོད་ཁུལ་གཞན་དུ་ཧ་ཅང་དཀོན་པོར་སྣང་། དེར་རྟེན། རེབ་གོང་སྒྱུར་རྩལ་གྱི་ཞིང་ཁམས་ཞེས་པའི་མཚན་སྙན་གསོལ་ཡོད་པ་རེད།
དུས་རབས14ཡི་སྔ་གཞུག་ཏུ། བོད་བརྒྱུད་ནང་བསྟན་རེབ་གོང་ས་ཁུལ་དུ་དར་བ་དང་། དུས་རབས15རྗེས་སུ་ས་སྐྱའི་གྲུབ་མཐའ་དང་དགེ་ལུགས་པའི་གྲུབ་མཐའ་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་ཞིང་། ས་གནས་མང་ཆེ་བར་དགོན་པ་འཛུགས་སྐྲུན་རྒྱ་ཆེར་སྤེལ་ལ། དེ་མུར་བོད་རིགས་སེར་སྐྱ་མི་དམངས་དང་གྲྭ་བཙུན་འགའ་ཤས་ལྷ་རིས་སྒྲུ་རྩལ་གྱི་ལས་ལ་བརྩོན་པ་རེད།
དུས་རབས་འགའི་རིང་ལ། རེབ་གོང་སྒྱུ་རྩལ་པ་རྣམས་ཀྱིས་ག་ས་གང་དུ་ལྷ་སྐུ་བཞེངས་པ་ཡིན་ཏེ། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ནང་སོག དེ་མིན་རྒྱ་གར་དང་། བལ་བོ། ཐའེ་ལན་ཌ། ཕྱི་སོག་སོགས་སུ་ལྷ་རིས་སྒྱུ་རྩལ་གྱི་ཞབས་རྗེས་འཐིམ་ཞིང་སྙན་གྲགས་མི་དམན་པ་རྒྱས་ཡོད། དེར་མ་ཟད། བོད་ལྗོངས་ལྷ་རིས་སྒྱུ་རྩལ་དང་། ཏུང་ཧོང་སྡེབས་རིས། རིགས་འདྲའི་ཕྱི་རྒྱལ་བརྩམས་ཆོས་ལས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཉིང་བཅུད་དང་། མཚོ་སྔོན་རང་ས་གནས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཉིང་བསྡུས་བྱས་ཡོད་ཅིང་། ཀྲུང་གོའི་ནུབ་ལྷོ་དང་ནུབ་བྱང་ས་ཁུལ་དང་། ཡ་གླིང་ཤར་ལྷོའི་རྒྱལ་ཁབ་འགའ་ཤས་སུ་ཡུན་རིང་དུ་མཚན་སྙན་འབར།
རེབ་གོང་སྒྱུ་རྩལ་ལ་རིགས་ཀྱི་ཆ་ནས། ཐང་ཀའི་སྒྱུ་རྩལ་དང་། འདམ་བཟོ་དང་ཤིང་བཟོའི་སྒྱུ་རྩལ། གཙགས་དྲུབ་སྒྱུ་རྩལ། ཚོན་བྱུག་པའི་སྒྱུ་རྩལ། མཆོད་མར་མེ་ཏོག་སོགས་རྣམ་པ་སྣ་མང་གི་སྒྱུ་རྩལ་མཆིས་ཤིང་། ནང་དོན་གྱི་ཆ་ནས་ཇོ་བོ་ཤཱཀྱ་མུ་ནེ་དང་། སྤྱན་རས་གཟིགས། ཆོས་སྐྱོང་སྲུང་མ། ནང་ཆོས་གཏམ་རྒྱུད། ལྷ་མོའི་སྐུ་པར་སོགས་འདུས་པ་རེད།
དང་ཐོག་གི་རེབ་གོང་སྒྱུ་རྩལ་བརྩམས་ཆོས་ལ་རྒྱ་གར་དང་བལ་བོའི་ཤན་ཞུགས་ཡོད་པ་དང་། དུས་རབས17པའི་དུས་དཀྱིལ་དུ། རེབ་གོང་སྒྱུ་རྩལ་དེ་འཕེལ་རྒྱས་ཀྱི་རྩེར་གསོན་འདུག་ཅིང་། དེའི་རྗེས་ཀྱི་དུས་རབས་འགར་དཀའ་ངལ་གང་མང་བརྒྱུད་པའི་དུས་འགོ་དང་དུས་དཀྱིལ་གྱི་ཁྱད་འཕགས་བརྩམས་ཆོས་གང་མང་ཡལ་མེད་དུ་གྱུར་ནའང་། རོང་བོ་དགོན་པ་དང་། གཉེན་ཐོག་དགོན་པ། ཝུའུ་ཐུན་དགོན་པ་སོགས་སུ་ད་དུང་དུས་འགོ་དང་དུས་དཀྱིལ་གྱི་སྒྱུ་རྩལ་པའི་ཐང་ཀ་དང་སྡེབས་རིས་ཁ་ཤས་ལྷག་ཡོད་པ་རེད།
རྨ་ལྷོའི་རེབ་གོང་སྒྱུ་རྩལ་ནི་ད་ལོར་ཀྲུང་གོའི་མི་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོབ་ལས་གཞི་རྒྱལ་ཁབ་རིམ་པའི་ཚོད་ལྟའི་རྫོང་གི་གྲས་སུ་ཚུད་སོང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com