རྒྱལ་ཡོངས་ལག་རྩལ་སློབ་གྲྭའི་ལག་རྩལ་འགྲན་བསྡུར་ཁྲོད་སི་ཁྲོན་བོད་ཁུལ་གྱི་སློབ་མར་བྱ་དགའ་མང་པོ་ཐོབ་པ།
དེ་སྔོན་མཇུག་བསྡུས་མ་ཐག་པའི་རྒྱལ་ཡོངས་ལག་རྩལ་སློབ་གླིང་ཁག་གི་ལག་རྩལ་འགྲན་བསྡུར་ཁྲོད་དུ། སི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ནས་ཐོན་པའི་སློབ་མ21འགྲན་བསྡུར་ལ་ཞུགས་ཤིང་མི19ལ་དགའ་རྟགས་ཐོབ་ཡོད་ལ། དེ་ལས་ལག་རྩལ་འགྲན་བསྡུར་དུ་གསེར་གྱི་རྟགས་མ་ཐོབ་མཁན1དང་། ཟངས་ཀྱི་རྟགས་མ་ཐོབ་མཁན1 ཕུལ་བྱུང་བྱ་དགའ་ཐོབ་མཁན1བཅས་ཡོད་པ་དང་། མི་རིགས་ས་ཁུལ་གྱི་ལག་རྩལ་སློབ་གྲྭའི་སློབ་མས་རིག་རྩལ་དང་འཇོན་ཐང་ངོམ་པའི་འགྲན་བསྡུར་ཁྲོད་མི4ཡིས་གསེར་གྱི་རྟགས་མའི་རྣམ་གྲངས་གཅིག་དང་། མི12ཀྱིས་ཟངས་ཀྱི་རྟགས་མའི་རྣམ་གྲངས་གཉིས་བླངས་ཡོད་པ་རེད།
རྒྱལ་ཡོངས་ལག་རྩལ་སློབ་གླིང་ཁག་གི་ལག་རྩལ་འགྲན་བསྡུར་ཁྲོད་དུ། ཁྲིན་ཏུའུ་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་གྲྭའི2009ལོའི་བོད་ཁུལ་གྱི་སློབ་མ་ཁྲེན་ཞན་ཐའོ་ལ་དེང་རབས་དངོས་ཟོག་སྐྱེལ་འདྲེན་ལྟེ་གནས་ཀྱི་ལས་ཀའི་ཚོགས་པའི་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་ཅིང་། ཁོ་དང་ལོ་རིམ་མཚུངས་པའི་བོད་ཁུལ་ནས་ཐོན་པའི་སློབ་མ་ཏེང་ཡིའུ་ལིན་ལ་འདེགས་འབེབས་དབོར་འདྲེན་འཁོར་ལོའི་ཁ་ལོ་སྒྱུར་བའི་འགྲན་སྡུར་རྐྱང་མ་ལ་ཟངས་ཀྱི་རྟགས་མ་ཐོབ་པ་དང་། མེན་དབྱང་གྲོང་ཁྱེར་ཞིང་ལས་སློབ་གྲྭའི2009ལོའི་ཕྱུགས་སྨན་འཛིན་གྲྭའི་བོད་ཁུལ་གྱི་སློབ་མ་ལུང་ཧྥེ་ལ་ཞིང་ལས་ལག་རྩལ་འགྲན་སྡུར་ཁྲོད(ཆེད་ལས་འབྲིང་རིམ་ཚན་ཁག)སྲོག་ཆགས་ཀྱི་ཕྱིའི་གཤག་བཅོས་འགྲན་སྡུར་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
མི་རིགས་ས་ཁུལ་གྱི་ལག་རྩལ་སློབ་གྲྭའི་སློབ་མས་རིག་རྩལ་དང་འཇོན་ཐང་ངོམ་པའི་འགྲན་བསྡུར་གྱི་ཁྲོད་དུ། མེན་དབྱང་གྲོང་ཁྱེར་གྱི་ཆུ་བེད་གློག་ཤུགས་སློབ་གྲྭའི་ཡེ་ཤེས་སྒྲོལ་མ་དང་པདྨ་བསྟན་འཛིན། དབྱང་ལི། ཞང་ལིན་བཅས་ཞུགས་པའི“འབྲས་ལྡན་སྡོང་པོས་མི་འབོད་པའི”འཁྲབ་སྟོན་ལ་ཆེད་སྟོན་འཁྲབ་ཚན་གྱི་གསེར་གྱི་རྟགས་མ་ཐོབ་པ་དང་། ཁྲིན་ཏུའུ་གྲོང་ཁྱེར་གྱི་གུས་སྲོལ་ལག་རྩལ་སློབ་འབྲིང་གི་པ་སངས་ཚེ་རིང་དང་ལིའུ་ཞིའུ་མེ། ཚེ་དགའ། དགེ་ལྡན་ཚེ་ནོར། བཀྲ་ཤིས་ཆོས་སྒྲོན། སྐལ་བཟང་བཀྲ་ཤིས། པདྨ་ཆོས་སྒྲོན་དང་བསྟན་འཛིན་རྒྱལ་མཚན་བཅས་ཞུགས་པའི“བདེ་ཐང་གིས་འཚར་ལོངས་བྱུང་བའི”འཁྲབ་སྟོན་ལ་ཟངས་ཀྱི་རྟགས་མ་ཐོབ། ཕུའུ་ཅང་རྫོང་གི་འབྲིང་རིམ་ལག་རྩལ་སློབ་གྲྭའི་བོད་ཁུལ་ནས་ཐོན་པའི་སློབ་མ་ཁྲེན་ལུང་ཡིང་དང་ཧན་ཝུན་ཀྲེན། དབྱང་གཡང་སྒྲོན། ལུའི་ཆང་བཅས་ཞུགས་པའི“བོད་རིགས་དང་དབྱི་རིགས་ཀྱི་རྒྱན་གོས་འཆར་འགོད”ལ་འཇོན་ཐང་ངོམ་པའི་ཟངས་ཀྱི་རྟགས་མ་ཐོབ་པ་རེད།
དེ་མིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་གྲྭའི་དགེ་རྒན་ཙེང་ཞན་ཆིང་གི་སྔོན་ཐོན་མཛད་རྗེས་དང་། བོད་ཁུལ་ནས་ཐོན་པའི་སློབ་མ་སྣང་གསལ་གྱིས་རྒྱལ་ཡོངས་ལག་རྩལ་སློབ་གླིང་ཁག་གི་སློབ་གསོའི་བྱས་རྗེས་ཐད་ཀྱི་སྙན་ཞུའི་ཚོགས་འདུ་སྟེང་གི་སྙན་ཞུ་ལ་ཚོགས་ཞུགས་འགོ་ཁྲིད་རྣམ་པ་དང་སྐུ་ཚབ་རྣམས་ཀྱིས་གཟེངས་བསྟོད་ཆེན་པོ་གནང་ཞིང་། དགེ་རྒན་ཙེང་ལགས་དང་སློབ་མ་སྣང་གསལ་གཉིས་ལ་དེ་མིན་གཞན་ད་དུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན་ལིའུ་ཡན་ཏུང་གིས་བརྩེ་བའི་མཇལ་འཕྲད་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com