སི་ཁྲོན་རྔ་བ་མཛོད་དགེ་རྫོང་གིས་སྐབས་དང་བོའི་ཨ་མདོའི་རྟ་རྒྱུགས་ལུས་རྩལ་འགྲན་ཚོགས་བསྡུས་པ།
ཉེ་ལམ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གི་སྐབས་དང་བོའི་ཨ་མདོའི་རྟ་རྒྱུགས་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་དེ་མཛོད་དགེ་རྫོང་བཀྲ་ཤིས་རྩྭ་ཐང་ནས་སྤེལ་ཞིང་། རྟ་རྒྱུགས་འགྲན་སྡུར་ནི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་བྱ་འགུལ་ཞིག་ཡིན་ལ། ཐེངས་འདིའི་འགྲན་སྡུར་སྟེང་དུ་ཕྱོགས་སོ་སོའི་སྐུ་མགྲོན་མང་པོའང་མ་གྲོས་རང་མཐུན་གྱིས་གནས་དེར་འདུས་ནས་ལྟད་མོར་རོལ།
མཛད་སྒོའི་སྟེང་དུ། ཕྱུགས་ར་ནུབ་མའི་གནས་སྐོར་ཀུང་སིའི་རྟ་རྩལ་རུ་ཁག་གིས་རྟ་རྩལ་འཁྲབ་སྟོན་བྱས་པར་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་པ་དང་། སྔ་གཞུག་ཏུ་ཀན་སུའུ་རྨ་ཆུ་རྫོང་སྒྱུ་རྩལ་ཚོགས་པས་གླུ་གར་འཁྲབ་སྟོན་བྱས་པ་མ་ཟད། མཛོད་དགེ་རྫོང་གི་ན་གཞོན་གླུ་བ་དག་གིས་ཀྱང་ངག་གི་འགྱུར་ཁུག་སྙན་མོ་དབྱངས་རྟ་ལ་དྲངས་ཏེ། བཀྲ་ཤིས་རྩྭ་ཐང་དུ་སྤྲོ་བའི་ཐལ་མོ་རྡེབ་སྒྲ་དང་ཀི་སྒྲས་ཁྱབ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྟ་རྒྱུགས་འགྲན་སྡུར་ཉིན་ལྔའི་རིང་སྤེལ་རྒྱུ་ཡིན་ལ། འགྲན་སྡུར་གྱི་རྣམ་གྲངས་ལ་རྨིད་སྟོང་ཅན་དང་སྟོང་གཉིས་ཅན། སྟོང་གསུམ་ཅན། སྟོང་ལྔ་ཅན། ཁྲི་གཅིག་ཅན་བཅས་ཀྱི་རྒྱུགས་ཐག་ལྔ་བཀོད་སྒྲིག་བྱས་ཡོད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com