བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཤམ་བྷ་ལའི་རིག་གནས་དར་སྤེལ་བྱས།
ཟླ5བའི་ཚེས27ཉིན་གྱི་ཕྱི་དྲོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཤམ་བྷ་ལའི་རིག་གནས་རྒྱུན་འཛིན་མཐུན་ཚོགས་ཀྱི་ཚོགས་མི་དགེ་རྒན་བཀྲ་ཤིས་དོན་འགྲུབ་ཀྱིས་ཤམ་བྷ་ལའི་རིག་གནས་འགྲེམ་སྟོན་ལྟེ་གནས་སུ་སློབ་མ་རྣམས་ལ་བོད་ཀྱི་སྲོལ་རྒྱུན་ལྡེབས་རིས«བཀྲ་ཤིས་རྟགས་བརྒྱད»བཞེངས་སྐྲུན་བྱེད་པའི་སྐོར་མཛུབ་སྟོན་བྱས། རྒྱུས་ལོན་བྱུང་བ་ལྟར་ན།ཤམ་བྷ་ལའི་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱིས་རིག་དངོས་བཤམས་སྟོན་དང་གློག་བརྙན་འགྲེམ་སྟོན། གླུ་གར་འཁྲབ་སྟོན། བསམ་བློ་བརྗེ་རེས། རིག་གནས་དཔྱད་ཞིབ། རིག་གནས་དྲིལ་བསྒྲགས་དང་རིག་གནས་རྒྱུན་འཛིན་བྱེད་པའི་ཐབས་ལ་བརྟེན་ནས་ཤམ་བྷ་ལའི་རིག་གནས་ཉིང་བཅུད་འགྲེམ་སྤེལ་དང་ཤམ་བྷ་ལའི་རིག་གནས་དར་སྤེལ་བྱེད་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com