རྩེ་ཁོག་རྫོང་གེ་སར་སྒྱུ་རྩལ་ཚོགས་པའི་གནས་ཚུལ་རགས་བཀོད།
སྟག་ཤར་ཚོས་གེ་སར་འཁྲབ་སྟོན་བྱེད་བཞིན་པ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གེ་སར་སྒྱུ་རྩལ་ཚོགས་པ་ནི2003ལོའི་ཟླ3པར་བཙུགས་ཤིང་ད་ལྟ་ཚོགས་པ་དེར་འཁྲབ་སྟོན་པ་ཉི་ཤུ་ལྷག་ཡོད། ལོ་ངོ་དུ་མའི་རིང་ལ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་གནས་སྐོར་ཅུའུ་སོགས་ཀྱི་སྣེ་ཁྲིད་དང་རྒྱབ་སྐྱོར་ལ་བརྟེན་ནས་ཚོགས་པ་འདིས་གེ་སར་རིག་གནས་སྒྱུ་རྩལ་གཙོ་ཡིན་པའི་བོད་ཀྱི་ཞབས་བྲོ་དང་རྡུང་ལེན། གླུ་དབྱངས། བཞད་གར། ཁ་ཤགས་སོགས་དམངས་ཁྲོད་རིག་གནས་སྔོག་འདོན་དང་མྱུར་སྐྱོབ། འཕེལ་རྒྱས་བཅས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད་པར་མ་ཟད། རང་ས་གནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཡང་སྔར་པས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། རྩེ་ཁོག་རྫོང་གེ་སར་སྒྱུ་རྩལ་ཚོགས་པས་ལོ་རེར་རང་རྫོང་ཕུད་པའི་ཁྱིམ་མཚེས་རྫོང་དང་ཁུལ་སོགས་ནས་འཁྲབ་སྟོན་གང་མང་བྱ་ཀིན་ཡོད་ལ་དེར་ལྟ་མཁན་གྱི་དགའ་བསུ་དང་ཁས་ལེན་ཐོབ་ཡོད།
གསར་རྩོམ་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པ།
ཕ་ཡུལ་རྩྭ་ཐང་ནས་ཕ་ཡུལ་མི་དམངས་ལ་གླུ་ངག་སྙན་མོ་འབུལ་བཞིན་པ།
རྩེ་ཁོག་རྫོང་གེ་སར་སྒྱུ་རྩལ་ཚོགས་པས་སྔ་ཕྱིར་འཁྲབ་སྟོན་བྱས་པའི་རྣམ་ཐར་དང་ཟློས་གར་ལ«སྲོང་བཙན་སྒམ་པོ»དང«རྟ་རྒྱུག་རྒྱལ་འཇོག »« གསེར་གླིང་གཡུལ་འགྱེད»སོགས་དང་གསར་རྩོམ་ཞབས་བྲོ་ལ«གངས་རིའི་སྲས་མོ»« མཛེས་པའི་ཕ་ཡུལ»« རྡོག་བྲོ»«གཞོན་ནུའི་ཉམས་འགྱུར»བཅས་དང་གཞས་ཀྱི་སྐོར་ལ«ཡིད་འོང་རྩེ་གཞུང»དང«ཨ་ཅེ་སྒྲོལ་མ»« གངས་དཀར་རི་བོའི་རྒྱན་ཆ»སོགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com