མཚོ་སྔོན་ཞིང་ཆེན་སྡེ་ཆེན་རྩེད་ར་རྟགས་མའི་ལ་གཞས་ཡན་ལག་འགྲན་ཚོགས་མཚོ་ལྷོ་ནས་བསྡུས་པ།
གླུ་མ་གནམ་རྒྱལ་སྒྲོལ་མ།
ཉེ་སྔོན། བོད་དམངས་ཁྲོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། དར་སྤེལ་བྱེད་ཆེད། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གཙོ་སྒྲུབ་གནང་བའི་སྐབས་གཉིས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་མཚོ་ལྷོའི་ཡན་ལག་འགྲན་ཁུལ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་དུ་བསྡུས་ཤིང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གཙོ་འགན་བཞེས་ཏེ་མཚོ་སྔོན་ཞིང་ཆེན་བདེ་ཆེན་རྩེད་རར་མཐུན་རྐྱེན་ལེགས་པོ་སྐྲུན་པ་རེད།
གླུ་བ་སྨོན་ལམ་རྒྱ་མཚོ།
ཐེངས་འདིའི་འགྲན་བསྡུར་ལ་མཚོ་ལྷོ་ཁུལ་གཙོ་བྱས་པའི་རྫོང་སོ་སོ་ནས་ཡོང་བའི་གླུ་བ་དང་གླུ་མ20ལྷག་ཞུགས་ཡོད་ཅིང་། ཉིན་གསུམ་ལ་འགྲན་བསྡུར་བྱས་པ་བརྒྱུད་གླུ་བ་སྨོན་ལམ་རྒྱ་མཚོ་དང་གླུ་མ་གནམ་རྒྱལ་སྒྲོལ་མ་སོགས་གཟེངས་སུ་ཐོན་པའི་གླུ་བ་གླུ་མ12བདམས་ཐོན་བྱུང་བ་རེད།
མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལས་མིས་སྒྲ་ཕབ་བཞིན་པ།
འགྲན་ཚོགས་ཀྱི་ཟུར་ཞིག
མི་འགྱངས་བརཟླ7ཚེས28ཉིན། ལེགས་འདེམས་བྱུང་བའི་གླུ་བ་གླུ་མ་འདི་དག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་ས་ཆ་ནས་རྟིང་རྩོད་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com