མཚོ་ནུབ་གཏེར་ལམ་རྫོང་ཁོངས་ཀྱི་ཚྭ་ཚྭ་སྡེ་བས་དྲུག་པའི་བཅུ་བདུན་ཉིན་ལ་རྟ་རྒྱུགས་འགྲན་ཚོགས་སྤེལ་བ།
གཏེར་ལམ་རྫོང་ཁོངས་ཀྱི་ཚྭ་ཚྭ་སྡེ་བའི་གནས་རི་ཨ་མྱེས་རྫ་དམར།
སྡེ་མིའི་ལབ་ཙེ་སྟོད་དུ་འགྲོ་བཞིན་པ།
ཚྭ་ཚྭ་སྡེ་བ་ནི(སྔོན་སྡེ་བའི་གཞི་མའི་གྱང་གི་མཐའ་སྐོར་ལ་ཚྭ་ཚྭའི་ས་དམར་གྱི་སྐུ་དཔོར་འཇོག་སྲོལ་ཡོད་པས་དེ་ལྟར་ཐོག་ཞེས་རྒན་པ་ཚོར་བསད་སྲོལ་ཡོད)གཏེར་ལམ་རྫོང་ཤར་ཁ་གྲོང་བརྡལ་གྱི་ཁོངས་སུ་ཡོད། ལོ་རེར་བོད་རྩིས་ཀྱི་དབྱར་ཟླ6པའི་ཚེས17ཉིན་ནི་སྡེ་བ་འདིའི་སྔོན་གྱི་ཡབ་མེས་ཚོའི་སྲོལ་ལྟར་སྟག་ཤར་བའི་སྐྱ་རྩལ་ངོམ་པ་དང་མ་བུ་མོའི་རྒྱན་ཆ་ངོམ་པ། རྟ་འདོ་བའི་བང་རྩལ་འགྲན་པའི་སྤྲོ་སྐྱིད་ཀྱི་ཁེངས་པའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་ཞིག་སྟེ། དེ་ནི་སྡེ་བ་འདིའི་གཞི་བདག་ཨ་མྱེས་རྫ་དམར་གནས་རི་ལ་ལབ་ཙེ་བསྟོད་པའི་ཉིན་མོ་ཡིན་ཞིང་། སྡེ་བ་འདིའི་སྐྱེས་པ་ཕལ་ཆེར་འཛོམས་ནས་བསང་རྩི་དང་མདའ་ཤིང་། རླུང་རྟ། རྨུ་ཐག་སོགས་ཇ་ནོམ་པ་ཞིག་གྲ་སྒྲིག་བྱས་འོངས་ཏེ་རྒྱ་ཞིང་རྒྱས་པའི་ལབ་ཙེ་ཞིག་བསྟོད་ངེས་ཡིན།
ལྷ་བསང་གཏོང་བ་དང་རླུང་རྟ་སྤུར་བ།
མདའ་ཤིང་གསབ་སྟེ་ལབ་ཙེ་ཁ་རྒྱའི་བཅུ་གསུམ་ཡར་ལ་སྟོད་པ།
སྔོན་ཆད་ཀྱི་སྲོལ་ལྟར་དབྱར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་རྟ་དང་འཕྲུལ་རྟ་ལ་སོགས་བཞོན་ནས་ལབ་ཙེ་བསྟོད་སའི་གསེར་གཞུང་ཁུགས་ལ་སྔ་མོ་ནས་སོང་སྟེ་ཞག་འདུག་བྱས་རྗེས། ཚེས་བཅུ་བདུན་ཉིན་ཉི་རྩེ་ཤར་མ་ཐག་གཅིག་རྗེས་གཉིས་མཐུད་ཀྱི་འོངས་ཏེ་སྔོན་ལ་བསང་གཏོང་བ་དང་དུང་འབུད་པ། རླུང་རྟ་སྤུར་བ། དར་ལྕོག་འཐེན་པ། མདའ་ཤིང་གསབ་པ། རྨུ་ཐག་འཐེན་རྗེས་རྟ་བཞོན་དང་རྐང་ཐང་སྐོར་བ་བྱེད་ཞོར་ཀྭི་ཀི་བསྭོ་བསྭོ་ལྷ་རྒྱལ་གནམ་ས་འགེབ་ལ་ཞིག་བྱེད་ངེས། དེ་མར་གསེར་གཞུང་ཁུགས་ལ་འོངས་ནས་ད་རུང་བསྔོ་བསང་འཇོག་པ་ཡིན
ལབ་ཙེ་ལ་རྨུ་ཐག་འཐེན་བཞིན་པ།
དར་ལྕོག་འཐེན་བཞིན་ཡོད་པའི་ཟུར་ཞིག
སྔོན་ཆད་བཞིན་སྡེ་བ་འདིའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་དང་འགྲོགས་ནས་སྡེ་དོན་གྲོས་བྱེད་པ་དེ་རྒྱུན་འབྱམས་སུ་སོང་ཡོད། ད་ལོ་ཡང་སྡེ་བའི་ཧྲུའུ་ཅི་ཚེ་སྒྲོན་རྒྱལ་གྱི་སྡེ་བའི་རྩྭ་ཆུ་འོས་འཚམ་གྱི་སྤྱོད་པ་དང་དབྱར་དགུན་སྟོན་དཔྱིད་ཀྱི་ས་ཐོག་ལ་དུས་ལྟར་གནས་སྤོར་དགོས་པའི་སྒྲིག་ལམ་དང་ཡབ་མེས་ལུགས་སྲོལ་སྣ་ཚོགས་དར་སྤེལ་རྒྱུད་འཛིན་བྱེད་དགོས་པ། སྡེ་བའི་འཛུགས་སྐྲུན་དང་ཞིང་ས་དང་ཐོན་ལས་སོགས་ཕྱོགས་གང་མང་ནས་གྲོས་གཞི་བཏོན་རྗེས་མཐའ་མར་གཅིག་མཐུན་གྱི་བསམ་འཆར་དང་ལེན་བྱས།
རང་སྡེ་བའི་ཨ་མཆོད་ཚོས་བསང་མཆོད་འདོན་པ།
ཨ་མཆོད་ཚོས་བསྔོ་གཏོར་བསང་ཁྲི་སྟེང་དུ་སྐྱེལ་བཞིན་ཡོད་པ།
ཉེ་བའི་ལོ་འདིའི་དག་ལ་ཏང་གི་སྲིད་ཇུས་བཟང་བོའི་ན་བུན་གྱི་རི་བོ་གཏུམ་པ་ནང་བཞིན་ཡུད་ཀྱིས་མཆེད་བཞིན་ཡོད་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་ལ་བརྟེན་ནས་རང་སྡེ་བའི་མཉམ་ལས་ཁང་གི་སྤྱི་གཉེར་བ་མགོན་པོས་ཡང་དེ་སྐོར་གྱི་སྲིད་ཇུ་གང་མང་ཁྱབ་བསྒྲགས་བྱས།
སྡེ་བའི་ཧྲུའུ་ཅི་ཚེ་སྒྲོན་རྒྱལ་ཀྱིས་གསུང་བཤད་གནང་བཞིན་པ།
རང་སྡེ་བའི་མཉམ་ལས་ཁང་གི་སྤྱི་གཉེར་བ་མགོན་པོས་གསུང་བཤད་གནང་བཞིན་ཡོད་པ།
གསེར་གཞུང་ཁུགས་ནས་རྟ་རྒྱུགས་འགྲན་བསྡུར་བྱེད་བཞིན་ཡོད་པ།
སྡེ་དོན་གྲོས་འཆམ་བྱུང་རྗེས། སྡེ་དཔོན་རྣམས་ཀྱི་བཀོད་སྒྲིག་ལྟར།ཕོ་གསར་ཚོའི་རྟ་གོམ་པ་ཅན་དང་བང་རྩལ་ཅན་འགྲན་བསྡུར་བྱས་ཏེ་ལྟད་མོ་བ་ཡོངས་ལ་མིག་གི་ལོངས་སྤྱོད་རྒྱ་ཆེ་བ་ཤིག་ངོམ་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com