གོང་དཀར་གནམ་གྲུ་ཐང་ལ་འགྲོ་སའི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱུང་བ།
མཛད་སྒོའི་ཡུལ་དངོས།
ཟླ7པའི་ཚེས17ཉིན། ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་གཏོང་མགོ་རྩོམ་པའི་མཛད་སྒོ་བསྡུས། བོད་ཞི་བས་བཅིང་འགྲོལ་བཏང་ནས་ལོ60འཁོར་བའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐུབ་ཚབ་ཚོགས་པའི་ཚོགས་གཙོ་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ཁྲིད་དེ་མཛད་སྒོར་ཞུགས་པར་མ་ཟད། གཞུང་ལམ་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་གཏོང་མགོ་རྩོམ་པའི་དར་ཚོན་བཅད།
ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་གཏོང་མགོ་རྩོམ་པའི་མཛད་སྒོ་དེ་ཟླ7པའི་ཚེས17ཉིན་གྱི་ཕྱི་དྲོར་བསྡུས། བོད་ཞི་བས་བཅིང་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པར་ཕེབས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་འཐུབ་ཚབ་ཚོགས་པའི་ཚོགས་གཙོ་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཁོངས་མི་ཡོངས་ཁྲིད་དེ་མཛད་སྒོར་ཞུགས་པར་མ་ཟད། གཞུང་ལམ་ལེགས་འགྲུབ་བྱུང་སྟེ་རླངས་འཁོར་གཏོང་མགོ་རྩོམ་པའི་དར་ཚོན་བཅད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧི་ཕིན་གྱིས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང་། རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བུའུ་དབྱིན་ཅ་ཡིས་མཛད་སྒོར་མགོ་འཛིན་བྱས།
ལྷ་ས་ནས་གོང་དཀར་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་དེ་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་མ་ཡིན་པ་དང་། 2009ལོའི་ཟླ4བའི་ཚེས28ཉིན་ལས་མགོ་བརྩམས། གཞུང་ལམ་གྱི་ལམ་ཐག་ཧྲིལ་བོར་སྤྱི་ལེ37ལྷག་ཡོད་པ་དང་། འགྲོ་སོང་སྒོར་མོ་དུང་ཕྱུར15.9བཏང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com