ཨ་ཆེན་གངས་རྒྱབ་ས་ཁུལ་ནས་མིས་ཐབས་ཀྱིས་རི་དྭགས་གཙོད་སྐྱེ་འཕེལ་བྱེད་པ་ལེགས་འགྲུབ་བྱུང་བ།
ཉེ་ལམ། ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་ལྟེ་གནས་ནས་གཙོད་ཕྲུག་བཞི་རྩེབས་པ་དང་། འདི་ནི་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱིས་མིས་ཐབས་ཀྱིས་དོ་དམ་བྱས་ནས་རི་དྭགས་གཙོད་སྐྱེ་འཕེལ་བྱེད་ཐེངས་ལྔ་བ་རེད།
ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཨ་ཆེན་གངས་རྒྱབ་རི་དྭགས་གཙོད་སྲུང་སྐྱོབ་ལྟེ་གནས་དེ2003ལོར་བཙུགས་པ་ནས་བཟུང་། རི་དྭགས་གཙོད་དང་། རྐྱང་། འབྲོང་། རྒོད། ཝ་སྐྱ། གླག ཁྲ། ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས339ཉེན་ཁའི་གནས་ནས་སྐྱབས་ཏེ་སྲུང་སྐྱོབ་བྱས་ལ། དེའི་ནང་རི་དྭགས་གཙོད་ཆེ་ཆུང224ཡོད་པ་དང་། བདེ་ཐང་དུ་གྱུར་བའི་རི་སྐྱེས་སྲོག་ཆགས་ཚང་མ་རང་བྱུང་ཁམས་སུ་ཕྱིར་བཏང་ཟེར། 2006ལོར་ཨ་ཆེན་གངས་རྒྱབ་རི་དྭགས་གཙོད་སྲུང་སྐྱོབ་ལྟེ་གནས་ཀྱིས་ཆེས་ཐོག་མར་མིས་དོ་དམ་བྱེད་པའི་ཐབས་ལ་བརྟེན་ནས་གཙོད་ཕྲུག་གཉིས་རྩེབས་དུ་བཅུག་པ་དང་། དེའི་འཕྲོར་མུ་མཐུད་དུ་རི་དྭགས་གཙོད་དང་རྒོད་ལ་མིས་ཐབས་ཀྱིས་སྐྱེ་འཕེལ་བྱེད་དུ་བཅུག་པ་དེས། རྗེས་ཕྱོགས་རི་དྭགས་གཙོད་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་ལ་མིས་ཐབས་ཀྱིས་སྐྱེ་འཕེལ་བྱེད་དུ་འཇུག་པར་ཉམས་མྱོང་མང་པོ་བསགས་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com