བོད་རིགས་རྩོམ་པ་པོ་ཡུལ་ཤུལ་ལ་ཆེད་དོན་འཚོལ་ཞིབ་དུ་ཕེབས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-25 12:01:00 ཀློག་གྲངས།:

             ཉེ་ལམ།   ཨ་ལེ་དང་མེ་སྒྲོན་སོགས་རྩོམ་པ་པོ16ཡུལ་ཤུལ་ལ་ཆེད་དོན་འཚོལ་ཞིབ་དུ་ཕེབས་པ་དང་།  ཡུལ་ཤུལ་ཁུལ་ཨུས་གནས་ལེན་དགོང་ཚོགས་འཚོགས་ཤིང་།   ཡུལ་ཤུལ་ཁུལ་གྱི་ཧྲུའུ་ཅི་བསྟན་ཁོ་དང་།   ཁུལ་ཨུ་རྒྱུན་ཨུའམ་ཁུལ་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་ལེ་ཡུའུ་ཡཱེན་སོགས་འགོ་ཁྲིད་རྣམས་དགོང་ཚོགས་ལ་ཞུགས།   
             ཧྲུའུ་ཅི་བསྟན་ཁོ་ཡིས་གསུང་དོན།  རྩོམ་པ་པོ་རྣམས་ཐེངས་འདིར་ཡུལ་ཤུལ་མང་ཚོགས་ལ་ཐུགས་ཁུར་དང་བཅས་ཏེ།  ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་འཚོ་བར་མྱོང་ཚོར་དང་།   ཡུལ་ཤུལ་བསྐྱར་སྐྲུན་གྱི་གནས་བབ་ལ་རྒྱུས་ལོན་སོགས་མཛད་དེ།   ང་ཚོ་ལ་ངར་ཤུགས་དང་རམ་འདེགས།    སྤོབས་པ་སྦྱིན་པར་སྙིང་ཐག་པ་ནས་དགའ་སྤྲོ་དཔག་མེད་སྐྱེས་བྱུང་ཟེར།  
             འཚོལ་ཞིབ་ཚོགས་ཁག་འདི་རུ་ཆུང4རུ་བགོས་ཏེ།  སོ་སོ་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་གྱི་བསྐྱར་སྐྲུན་ཡུལ་དངོས་དང་།  ཁྲི་འདུ་རྫོང་གི་ལབ་དགོན་པ།   ཡུལ་ཤུལ་ཁུལ་ལོ་རྒྱུས་རིག་གནས་གནས་ཤུལ་སོགས་སུ་ཆེད་དོན་འཚོལ་ཞིབ་བྱས་ཤིང་།   ལམ་དུ་རྩོམ་པ་པོ་རྣམ་པས་ཡུལ་ཤུལ་བསྐྱར་སྐྲུན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན།   དམངས་སྲོལ་རིག་གནས་སོགས་ལ་རྒྱུས་ལོན་ཟབ་མོ་གནང་བ་དང་།   ཡུལ་ཤུལ་གྱི་ཁྱད་དུ་འཕགས་པའི་ས་གནས་རིག་གནས་ལ་གདེངས་འཇོག་ཆེན་པོ་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།