རེབ་གོང་པར་བརྐོས་ལག་རྩལ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཁོངས་སུ་བཞག་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-26 11:03:00 ཀློག་གྲངས།:

  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དྲིལ་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་འདེམས་ཐེངས་གསུམ་པའི་མིང་སྒྲིག་གི་གྲས་སུ།  རྨ་ལྷོ་ཁུལ་གྱི་རེབ་གོང་པར་བརྐོས་ལག་རྩལ་དེ་མིང་སྒྲིག་གི་མཆེད་བྱུང་ལས་གཞིར་བྱས་ཏེ་གདམས་པ་དང་། འདི་ནི་ཐེངས་འདིའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་མིང་སྒྲིག་ལས་གཞི་བདུན་ཁྲོད་ཀྱི་ཡ་གྱལ་ཅིག་རེད།
  ད་བར་དུ་རྨ་ལྷོ་ཁུལ་དུ་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྣ་ཁ6ཡོད་ལ། ཞིང་ཆེན་ཡོངས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཁྲོད་དུ9.3%ཟིན་ཡོད། རེ་ཞུ་ཆོག་མཆན་ཐོབ་པའི་རྨང་གཞིའི་ཐོག རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་ཡིག་ཚགས་འཚོལ་སྡུད་དང་། ལེགས་སྒྲིག གསར་འཛུགས། འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་རང་བཞིན་དང་། གསོན་ཤུགས་རང་བཞིན། བརྒྱུད་འཛིན་རང་བཞིན། འཐུས་ཚབ་རང་བཞིན་གཟེངས་སུ་བཏོན་ནས་ལོ་འདིའི་ནང་རྫོང་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་མཚོན་ཆོས་མིང་སྒྲིག་དྲིལ་བསྒྲགས་བྱེད་པར་བརྩོན་གྱིན་ཡོད། དེ་དང་མཉམ་དུ་རེ་ཞུའི་གོ་རིམ་ལེགས་སྒྲིག་བྱས་ཏེ་ཁུལ་རིམ་པ་དང། ཞིང་ཆེན་རིམ་པ། རྒྱལ་ཁབ་རིམ་པ། འཛམ་གླིང་གི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་བཅས་རིམ་པ་ལྟར་རེ་ཞུ་བྱས་པ་བརྒྱུད། རེབ་གོང་རིག་གནས་སྐྱེ་ཁམས་སྲོང་སྐྱོབ་ཚོད་ལྟ་བྱེད་ཁུལ་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་སྲོང་སྐྱོབ་དང་། དོ་དམ། ལེགས་སྤྱོད་བཅས་དངོས་འབེབས་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།