ངོས་དང་པོ > སྐབས་དོན། > སྣ་ཚོགས། > དཀར་མཛེས་ཁུལ་རྫོང་རིམ་པའི་དགོན་པའི་ལོ་རྒྱུས་དཔེ་ཆ་ཐོག་མ་དཔེ་བསྐྲུན་བྱ་གྲབས་ཡོད།
དཀར་མཛེས་ཁུལ་རྫོང་རིམ་པའི་དགོན་པའི་ལོ་རྒྱུས་དཔེ་ཆ་ཐོག་མ་དཔེ་བསྐྲུན་བྱ་གྲབས་ཡོད།
རྩོམ་པ་པོ།:ཐུབ་བསྟན།
ཡོང་ཁུངས།:ཁམས་པའི་དྲ་བ།
དུས་ཚོད།:2011-07-26 14:26:00
ཀློག་གྲངས།:
ཟླ་བ7པའི་ཚེས19ཉིན། སྡེ་དགེ་རྫོང་གིས་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཐོག་ཁང་གཉིས་པའི་ཚོགས་ཁང་དུ་དགོན་པའི་ལོ་རྒྱུས་ཞུ་ཆེན་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། ཆེད་དུ་གདན་འདྲེན་ཞུས་པའི་རྒྱ་བོད་ཡིག་རིགས་ལ་མཁས་པའི་ཆེད་མཁས་པ8ཀྱིས《སྡེ་དགེ་རྫོང་དགོན་པའི་ལོ་རྒྱུས》ལ་ནན་ཏན་གྱིས་ཞུ་ཆེན་བགྲོ་གླེང་སྤེལ་ཏེ་གདེང་འཇོག་ཆེན་པོ་གནང་བ་དང་ཆབས་ཅིག་རང་རང་སོ་སོའི་བཞེད་ཚུལ་ཡང་རྨ་མེད་དུ་བཏོན་པ་རེད།
སྡེ་དགེ་རྫོང་ནི་ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་ལྔ་ཆ་ཡོངས་སུ་ཚང་བའི་རང་ཁུལ་གྱི་རྫོང་ཁག་ཅིག་ཀྱང་ཡིན་ལ། རྫོང་ཡོངས་སུ་ཁྱོན་བསྡོམས་དགོན་པ57དང་ཇོ་ཁང4ཡོད་པ་རེད། སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ2005ལོར་ནས་བཟུང་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་དགོན་པའི་ལོ་རྒྱུས་རྩོམ་སྒྲིག་བྱེད་འགོ་ཚུགས་ཤིང་ཧ་ལམ་ལོ7རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན2011ལོའི་ཟླ་བ6པར་རྩོམ་སྒྲིག་གི་ལས་ཀ་ལེགས་འགྲུབ་བྱུང་ནས་ཞུ་ཆེན་བྱེད་པའི་དུས་རིམ་ལ་བསླེབས་པ་རེད།
《སྡེ་དགེ་རྫོང་དགོན་པའི་ལོ་རྒྱུས》དཔེ་ཆ་རྩོམ་སྒྲིག་བྱས་པའི་དམིགས་ཡུལ་ནི་ལོ་རྒྱུས་ཡིག་ཚང་དུ་ཚགས་ར་དང་། སྲིད་འཛིན་ལ་རོགས་དན། གོ་བསྐོན་སློབ་གསོ་བཅས་ཡིན་ཞིང་། ཏང་གི་ཆོས་ལུགས་སྲིད་ཇུས་ལག་ལེན་དོན་འཁྱོལ་བཏང་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པ་དང་། ལོ་རྒྱུས་ལ་རྩིས་སྲུང་བྱས་ཏེ་དྲང་ཞིང་བདེན་པ་བྱ་རྒྱུ་དང་། དགོན་པ་ཆེ་ཆུང་ལ་མ་ལྟ་བར་ཐམས་ཅད་ཀྱི་ལོ་རྒྱུས་འགོད་རྒྱུ་དང་། སྲིད་གཞུང་ནས་ཆོག་མཆན་ཐོབ་པའི་སྤྲུལ་སྐུའི་ཡང་སྲིད་མ་གཏོགས་དགོན་པའི་ལོ་རྒྱུས་སུ་མི་འབྲི་བ་བཅས་ཀྱི་རྩོམ་སྒྲིག་གི་རྩ་དོན་ལ་བརྟེན་ནས་རྫོང་ཁོངས་སུ་ཡོད་པའི་དགོན་པ57དང་ཇོ་ཁང4ཡི་ལོ་རྒྱུས་ཆ་ཚང་ཞིག་བཀོད་ཡོད་པ་རེད། དེ་ནི་སྡེ་དགེ་རྫོང་གི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་དོན་དག་གལ་ཆེན་ཞིག་ཡིན་ལ་རང་ཁུལ་རྫོང་རིམ་པའི་དགོན་པའི་ལོ་རྒྱུས་ཆ་ཚང་རྩོམ་སྒྲིག་བྱས་པའི་དཔེ་ཆ་ཐོག་མའང་ཡིན།
སྡེ་དགེ་རྫོང་དགོན་པའི་ལོ་རྒྱུས་ཞུ་ཆེན་བགྲོ་གླེང་མཇུག་རྫོགས་བ་དང་རྒྱ་བོད་ཡིག་རིགས་གཉིས་ལྡན་གྱི་སྡེ་དགེ་རྫོང་དགོན་པའི་ལོ་རྒྱུས་དཔེ་ཆ་དཔེ་བསྐྲུན་བྱེད་འགོ་ཚུགས་ཤིང་མི་རིང་བར་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་བསྟར་བ་ངེས་སོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།