བྲག་དཀར་རྫོང་དང་འབའ་རྫོང་གཉིས་ཀྱིས་སྐབས་དང་པོའི་བོད་རྒྱུད་ནང་བསྟན་གླེང་སྟེགས་སྤེལ་པ།
ཉེ་ལམ། མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་འབའ་རྫོང་གཉིས་ཀྱིས་སྐབས་དང་པོའི་བོད་རྒྱུད་ནང་བསྟན་གླེང་སྟེགས་བྱ་འགུལ་སྤེལ་པ་རེད།
གླེང་སྟེགས་འདིས་གཙོ་ཆེར“བོད་རྒྱུད་ནང་བསྟན་དང་འཆམ་མཐུན་སྤྱི་ཚོགས་”བརྗོད་བྱར་བཟུང་སྟེ། བོད་རྒྱུད་ནང་བསྟན་དགོན་པའི་གྲྭ་བཙུན་རྩ་འཛུགས་སྒོས་བོད་རྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་འཆམ་མཐུན་ཁྲོད་ཡར་ཐོན་གྱི་ནུས་པ་འདོན་སྤེལ་དང་། མི་རིགས་སློབ་གསོ། ཁྲིམས་ལུགས་སློབ་གསོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཤུགས་བསྣན་པའི་སྐོར་བགྲོ་གླེང་མཛད།
སྐབས་དང་པོའི་བོད་རྒྱུད་ནང་བསྟན་གླེང་སྟེགས་འདི་སྤེལ་པ་བརྒྱུད། བོད་རྒྱུད་ནང་བསྟན་གྱི་རིག་གནས་སྤྱི་ཁོག་སྔོག་འདོན་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་མཐུན་སྒྲིལ་ལ་ཡར་སྐུལ་ཆེན་པོ་ཐོབ་པ་མ་ཟད། དགོན་པའི་སྤྱི་ཚོགས་དོ་དམ་དང་དགོན་པའི་དམངས་གཙོ་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་ལའང་དོན་སྙིང་ཆེན་པོ་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com