ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་བོད་སྐད་རླུང་འཕྲིན་གྱི་ལྷ་སའི་རྩོམ་སྒྲིག་ཁང་གི་སྒོ་བྱང་བཀལ་བ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-07-28 08:49:00 ཀློག་གྲངས།:


ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་
ལྟེ་གནས་ཀྱི་ལྷ་སའི་རྩོམ་སྒྲིག་ཁང་གི་སྒོ་བྱང་བཀལ་བ།

             སྤྱི་ཟླ7པའི་ཚེས26ཉིན།   ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ཀྱི་ལྷ་སའི་རྩོམ་སྒྲིག་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་སྤེལ་ཞིང་། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་འཛིན་ཝང་ཆིའུ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་ཚུལ་ཡུས་དབྱིན་བཅས་ནས་ཐུན་མོང་ཐོག་ལྷ་སའི་རྩོམ་སྒྲིག་ཁང་གི་སྒོ་བྱང་བཀལ་གནང་བ་རེད།
             ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱར་གཞིགས་ན། ལྷ་སའི་རྩོམ་སྒྲིག་པུས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་དགོངས་དོན་གཙོ་བོར་བཟུང་ཞིང་། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པར་བྱེད་པ། བོད་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་བྱེད་སྒོ་རབ་དང་རིམ་པར་གཞོགས་འདེགས་བྱེད་པ་དང་། ལེ་ཚན་རྩོམ་སྒྲིག་དང་བདེ་འཇགས་གི་སྒྲོག་གཏོང་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ཏེ། རང་རང་སོ་སོས་བཅར་འདྲི་དང་རྩོམ་སྒྲིག་བྱས་པའི་ལེ་ཚན་སྒྲིག་བཟོ་སྔར་བས་ཇེ་མང་དུ་གཏོང་བཞིན་ཡོད། སྒོ་བྱང་བཀལ་རྗེས་ཀྱི་ལྷ་སའི་རྩོམ་སྒྲིག་པུས་བོད་སྐད་རླུང་འཕྲིན་གྱི་བཅར་འདྲི་དང་རྩོམ་སྒྲིག་གི་འགན་འཁུར་ཐོག  བོད་སྐད་རླུང་འཕྲིན་གྱི་ཆ་འཕྲིན་འབྱུང་ཁུངས་དང་། ལེ་ཚན་འབྱུང་ཁུངས། ལེ་ཚན་རྩོམ་སྒྲིག་བཅས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། 
             ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་ལྟེ་གནས་ལྷ་སའི་རྩོམ་སྒྲིག་ཁང་གིས་མིག་སྔར་གཙོ་བོ་གངས་ལྗོངས་ཆ་འཕྲིན་ལེ་ཚན་གྱི་སྒྲ་ཕབ་སྒྲིག་བཟོ་བྱ་བའི་འགན་འཁུར་རྒྱུ་ཡིན་ལ། ལེ་ཚན་དེ་ནི་སྤྱི་ལོ2010ལོའི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ལེ་ཚན་རྩེ་གྲ་བཅུའི་བྱ་དགའ་ཐོབ་མྱོང་ཡོད་པ་ཞིག་རེད།    
             ངོ་སྤྲོད་བྱས་པ་ལྟར་ན།  མིག་སྔར་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན་གྱིས་ཉིན་གཅིག་ལ་ལེ་ཚན་ཆུ་ཚོད18གཏོང་གི་ཡོད་པ་དང་། ལེ་ཚན་གྱི་ནང་དོན་གཙོ་བོ་ནི་གསར་འགྱུར་དང་། ཆེད་སྒྲིག་ལེ་ཚན། རོལ་དབྱངས་སོགས་ཡོད་པ་དང་། དུས་མཚུངས་སུ་བོད་ཁུལ་མི་འདྲ་བའི་ཡུལ་སྐད་སྤྱད་དེ་སྙན་སྒྲོན་ཞུ་གི་ཡོད།  ལྷ་སའི་རྩོམ་སྒྲིག་པུའུ་བཙུགས་པ་དེས་བོད་སྐད་རླུང་འཕྲིན་གྱི་ནང་དོན་ཁ་གསབ་ནུས་ལྡན་ཐུབ་རྒྱུ་དང་། བོད་སྐད་འཕྲིན་ལམ་དེ་སྲོལ་རྒྱུན་རླུང་འཕྲིན་དང་། དྲ་བ།  སྒུལ་བདེའི་སྨྱན་སྦྱོར་སོགས་རྣམ་པ་མང་པོ་གཅིག་ཏུ་འགྲིལ་བའི་མི་རིགས་སྐད་ཀྱི་སྨྱན་སྦྱོར་ཞིག་ཏུ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།