ཡུལ་ཤུལ་དང་བླངས་པའི་མཉམ་འབྲེལ་ཚོགས་པ་བཙུགས་ཤིང་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས་པ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-28 10:05:00 ཀློག་གྲངས།:
            མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་སྲིད་ཅུའུ་ཡིས་ཆོག་མཆན་བཀོད་པ་བརྒྱུད། ཡུལ་ཤུལ་ཁུལ་ཕྱོགས་མང་པོའི་དང་བླངས་མཁན་གྱི་མཉམ་འབྲེལ་ཚོགས་པ་ཚེས་ཉེར་དྲུག་ཉིན་ཡུལ་ཤུལ་ཁུལ་ནས་དངོས་སུ་བཙུགས་པར་མ་ཟད་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་བསྡུས།
            དང་བླངས་མཁན་རྣམས་རྩ་འཛུགས་བཟང་བོ་བྱེད་པ་དང་སྡེ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ཡུལ་ཤུལ་ཁུལ་གྱིས་ཕྱོགས་མང་པོའི་དང་བླངས་མཁན་གྱི་མཉམ་འབྲེལ་ཚོགས་པ་བཙུགས། ཚོགས་པ་དེ་བཙུགས་རྗེས་ཡུལ་ཤུལ་ཁུལ་དམངས་སྲིད་ཅུའུ་ཡིས་གཏན་འཁེལ་བྱས་པའི་སྒྲིག་ཡིག་ལྟར་བྱ་འགུལ་སྤེལ་དགོས་པར་མ་ཟད་རང་རྟོགས་སྒོས་བྱེད་སྒོའི་གཙོ་འགན་ཁུར་བའི་ལས་ཁུངས་དང་མིང་འགོད་དོ་དམ་ལས་ཁུངས། དེ་མིན་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་མཛུབ་སྟོན་དང་ལྟ་རྟོག་དོ་དམ་དང་ལེན་བྱེད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།