ཀྲུང་གོའི་མི་རིགས་གནས་སྐོར་གླེང་སྟེགས་སྐབས་གཉིས་པ་ཟི་ལིང་ནས་བསྡུས་པ།
ཀྲུང་གོའི་འགྲོ་བ་མི་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་འགྲོ་བ་མི་དང་མི་རིགས་རིག་པའི་ཞིབ་འཇུག་ཚོགས་པ་མི་རིགས་གནས་སྐོར་ཆེད་ལས་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་གཉིས་ཀྱིས་འགན་བླངས་ཏེ་བསྒྲུབས་པ་དང་། «གནས་སྐོར་གླེང་སྟེགས»དུས་དེབ་ཁང་གིས་རོགས་སྒྲུབ་བྱས་པའི་ཀྲུང་གོའི་མི་རིགས་གནས་སྐོར་གླེང་སྟེགས་དེ་ཟླ7ཚེས21ཉིན་ནས་ཚེས23ཉིན་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཚོགས།
པེ་ཅིན་གྲོང་ཁྱེར་དང་ཧེ་ནན་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན་སོགས་ས་ཁུལ་ནས་ཡོང་བའི་མཐོ་རིམ་སློབ་གླིང་དང་ཚན་ཞིབ་ལས་ཁུངས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པ་དང་། སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ། གནས་སྐོར་ཁེ་ལས་མཐོ་རིམ་དོ་དམ་པ་དང་འབྲེལ་ཡོད་སྨྱན་བྱད་མི་སྣ་བཅས་གདན་དྲངས་པ་ལྟར་སྐབས་འདིའི་གླེང་སྟེགས་ལ་ཞུགས།
གླེང་སྟེགས་ཚོགས་འདུའི་སྟེང་། རང་རྒྱལ་མི་རིགས་ས་ཁུལ་གྱི་གནས་སྐོར་ཐོན་ལས་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་གོང་དུ་སྤེལ་བའི་སྐོར་གྱི་གྲོས་གཞི་དང་། མི་རིགས་ས་ཁུལ་གྱི་མཐོ་རིམ་སློབ་གྲྭའི་གནས་སྐོར་སློབ་གླིང་དང་སྡེ་ཁག་གི་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གནས་སྐོར་བསླབ་གཞི་རྩོམ་འབྲི་བྱེད་པའི་སྐོར་གྱི་གྲོས་གཞི། «ཀྲུང་གོའི་མི་རིགས་གནས་སྐོར་ཞིབ་འཇུག»ཅེས་པའི་དུས་དེབ་དང«ཀྲུང་གོའི་མི་རིགས་ས་ཁུལ་གྱི་གནས་སྐོར་ཐོན་ལས་གོང་དུ་སྤེལ་བའི་སྙན་ཞུ»ཞེས་པ་རྩོམ་སྒྲིག་བྱས་ཏེ་པར་དུ་བསྐྲུན་པའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com