མཚོ་སྔོན་གྱིས་མཚོ་སྔོན་པོ་སོགས་ཀྱི་ཆས་རྟགས་ཆེན་པོ་གསུམ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།
“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི” སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་གནས་སྐོར་མཛེས་ལྗོངས་ས་ཁུལ་མཚོ་སྔོན་པོ་དང་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ས་ཁུལ་རྨ་ལྷོ་། མཐོ་སྒང་གནས་སྐོར་དཔེ་སྟོན་ས་ཁུལ་མཚོ་སྔོན་ཁྲི་ཀ་བཅས“ཆས་རྟགས་ཆེན་པོ་གསུམ”གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མཐོ་སྒང་སྐྱེ་ཁམས་ཀྱི་གནས་སྐོར་བྱེད་ཡུལ་ཤུགས་ཆེན་སྒོས་བསྐྲུན་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་ལ། གནས་སྐོར་ཆས་རྟགས་ཀྱི་སྙན་གྲགས་བསྐྲུན་པ་བརྒྱུད་ནས། “མཛེས་སྡུག་གི་མཚོ་སྔོན”གྱི་སྙན་གྲགས་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་དང་འགྲོ་བཞིན་ཡོད། མཛེས་སྡུག་གི་མཚོ་སྔོན་དུ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་རིམ་པའི་གནས་སྐོར་ཆས་རྟགས་སྔར་བས་བཞེངས་སྐྲུན་བྱེད་པ་དང་། གནས་སྐོར་ལས་རིགས་ཀྱི་མཚོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཕེལ་རྒྱས་འཆར་འགོད་ཁྲོད་དུ། “ཆས་རྟགས་ཆེན་པོ་གསུམ”གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་ཆབས་ཅིག་ཏུ། “མཛེས་སྡུག་གི་མཚོ་སྔོན”གྱི་གནས་སྐོར་ཆས་རྟགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་ཕན་འབྲས་སྔར་བས་མཐོར་འདེགས་སུ་བཏང་ཡོད།
“ཆས་རྟགས་ཆེན་པོ་གསུམ”ཚང་མར་འཛམ་གླིང་རིམ་པའི་གནས་སྐོར་ཐོན་ཁུངས་ཀྱི་རང་སྤུས་མངོན་གསལ་ལྡན་པ་དང་། སོ་སོར་མཐོ་སྒང་གི་རང་བྱུང་དང་རིག་གནས། སྤྲོ་གསེང་བཅས་རིགས་ཆེན་པོ་གསུམ་གྱི་སྐྱེ་ཁམས་གནས་སྐོར་གྱི་མ་དཔེར་བསྔགས་ཀྱིན་ཡོད། ཉེ་བའི་ལོ་འདི་འགའི་རིང་ལ། ཆས་རྟགས་ཆེན་པོ་གསུམ་གྱི་འཛུགས་སྐྲུན་དེ་མཚོ་སྔོན་གནས་སྐོར་འཕེལ་རྒྱས་ཁྲོད་ཀྱི་སྔོན་གྲས་སུ་སྐྱོད་ཀྱིན་ཡོད་པ་དང་། འགུག་ཤུགས་དང་གནས་སྐོར་པ་བསྡུས་པའི་ནུས་པ་ཇེ་དྲག་ཏུ་སོང་ཡོད། ལྷག་པར་དུ་ལྗོངས་རྒྱུ་ལྟ་སྐོར་ས་ཁུལ་མིང་གྲགས་ཅན་མཚོ་སྔོན་པོས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ནུས་པ་དེ་ཉིན་རེ་ལས་ཉིན་རེར་མངོན་གསལ་དུ་འགྱུར་བཞིན་ཡོད།
རྗེས་ཕྱོགས་སུ། “འཛམ་གླིང་རྗེས་ཤུལ་རང་བཞིན་གྱི་མཐོ་སྒང་མཚེའུ་ཡི་སྐྱེ་ཁམས་གནས་སྐོར་ཡུལ་མཆོག”ཤུགས་ཆེན་པོས་བསྐྲུན་ནས། མཚོ་སྔོན་པོའི་ལྗོངས་རྒྱུ་ལྟ་སྐོར་ས་ཁུལ་གྱི་སྐྱེ་ཁམས་གནས་སྐོར་ལས་གཞིའི་འཛུགས་སྐྲུན་གྱི་རྣམ་པ་དེ་སྔར་ལས་ཇེ་ཆེར་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་ལྗོངས་རྒྱུ་ལྟ་སྐོར་ས་ཁུལ་ཤུགས་ཆེན་སྒོས་སྤེལ་རྒྱུ་དང་། “མཚོ་སྔོན་པོའི” སྙན་གྲགས་ལ་བརྟེན་པ་དང་མཚོ་སྔོན་པོ་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་འགྲན་བསྡུར་དུས་ཆེན་སྤེལ་བར་བརྟེན་ནས། སྐྱེ་ཁམས་གནས་སྐོར་སྔར་ལས་ཇེ་ལེགས་དང་སྔར་ལས་ཇེ་མཐོར་གཏོང་བ་དང་། རྒྱལ་སྤྱིའི་གནས་སྐོར་ཞབས་འདེགས་ཞུ་བའི་བྱ་འགུལ་སྤེལ་བ་དང་འབྲེལ་འདྲིས་བྱེད་པ་དང་། འཛམ་གླིང་ཆས་རྟགས་ཀྱི་ཤུགས་རྐྱེན་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ཆེས་མཛེས་པའི་མཚེའུ་གཟུགས་བརྙན་དང་མཐོ་སྒང་མཚེའུ་ཡི་སྐྱེ་ཁམས་གནས་སྐོར་གྱི་ཁྱད་ཆོས་མངོན་ཅི་ཐུབ་བྱེད་རྒྱུ་རེད།
འཛམ་གླིང་གི་དངོས་པོ་མ་ཡིན་པའི་རིག་གནས་རྗེས་ཤུལ་ཏེ་རེབ་གོང་སྒྱུ་རྩལ་གྱི་ཁྱད་སྟོབས་ཐོན་ཁུངས་ཇེ་ལེགས་སུ་གཏོང་བ་དང་ཇེ་མགྱོགས་སུ་གཏོང་བ་ནས་མགོ་བརྩམས་ཏེ། མིག་སྔར་རྒྱལ་ཁབ་རིམ་པའི་མི་རིགས་དམངས་ཁྲོད་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ས་ཁུལ་བཞིའི་གྲས་ཀྱི་རྨ་ལྷོའི་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ས་ཁུལ་ལ་མཚོན་ན། རེབ་གོང་ཐང་ག་དང་རེབ་གོང་ལོ་རྒྱུས་རིག་གནས་གནའ་མཁར་མིང་གྲགས། ཁམས་ར་གནས་མཆོག་སོགས་ཀྱི་གནས་སྐོར་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཇེ་ཆེར་བཏང་སྟེ། ཁྱད་སྟོབས་ལྡན་པའི་རིག་གནས་གནས་སྐོར་གྱི་ལས་དོན་ལེགས་པོར་བསྒྲུབ་པ་དང་ཇེ་ཆེར་བསྒྲུབ་རྒྱུ་རེད།
རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ས་ཁུལ་གསར་སྐྲུན་བྱེད་རྒྱུ་དེ་དམིགས་ཡུལ་དུ་བྱས་ནས། ཁྲི་ཀའི་གནས་སྐོར་གྱིས་གནས་སྐོར་ཐོན་རྫས་ཀྱི་སྦྱོར་བཟོ་ར་བ་དང་། ལྟད་མོ་ལྟ་སའི་ཞིང་ལས་ར་བ། དཀྱིལ་སྙིང་སྤྲོ་གསེང་ར་བ། ཆུ་ཁོལ་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་ས་ཁུལ། དེ་མིན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གྲོང་ཁྱེར་བཅས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། “ཆུ་དང་ཚེ་སྲོག”བརྗོད་གཞི་ཡིན་པའི་གླུ་གཞས་སྐད་གསེང་མཐོན་པོས་བླངས་ནས། རྨ་ཆུའི་མིང་གྲགས་ཅན་གྱི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com