རྔ་བ་ཁུལ་མི་རིགས་རྟ་རྒྱུག་འགྲན་བསྡུར་དམར་ཐང་ཡན་ལག་འགྲན་ཁུལ་དུ་མཇུག་རྫོགས་པ།

རྩོམ་པ་པོ།: ལྗོན་སྨྱུག ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2011-07-29 10:23:00 ཀློག་གྲངས།:


སྐབས13པའི་ལུས་རྩལ་འགྲན་ཚོགས་མི་རིགས་རྟ་རྒྱུགས་འགྲན་བསྡུར།

            སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྐབས13པའི་ལུས་རྩལ་འགྲན་ཚོགས་མི་རིགས་རྟ་རྒྱུགས་འགྲན་བསྡུར་དམར་ཐང་ཡན་ལག་འགྲན་ཁུལ་དུ་མཇུག་རྫོགས། རྔ་བ་ཁུལ་ལུས་རྩལ་ཅུའུ་དང་དམར་ཐང་རྫོང་ཏང་ཨུ། རྫོང་མི་དམངས་སྲིད་གཞུང་། རྫོང་དམངས་ཆེན། རྫོང་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་མཇུག་རྫོགས་པའི་མཛད་སྒོར་ཞུགས།
            མཇུག་རྫོགས་མཛད་སྒོའི་སྟེང་། ཐེངས་འདིའི་མི་རིགས་རྟ་རྒྱུགས་འགྲན་བསྡུར་ཁྲོད་ལུས་རྩལ་ཀུན་སྤྱོད་བཟང་བའི་འགྲན་ཞུགས་པ་དང་འགྲན་ཞུགས་རུ་ཁག ཕུལ་བྱུང་ཤན་འབྱེད་པ་བཅས་ལ་བྱ་དགའི་གཟེངས་བསྟོད་བྱས།
            རྒྱུས་ལོན་པ་ལྟར་ན། དམར་ཐང་རྫོང་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ5དང་། དངུལ་གྱི་རྟགས་མ5། ཟངས་ཀྱི་རྟགས་མ4བཅས་བླངས་ནས་ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་ཁྲོད་ཐུན་མོང་གི་ཐོབ་སྐར་ཨང་དང་པོ་བླངས། མཛོད་དགེ་རྫོང་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ4དང་དངུལ་གྱི་རྟགས་མ3། ཟངས་ཀྱི་རྟགས་མ4བཅས་བླངས་ནས་ཐེངས་འདིའི་རྟ་རྒྱུགས་འགྲན་བསྡུར་ཁྲོད་ཐུན་མོང་གི་ཐོབ་སྐར་ཨང་གཉིས་པ་བླངས། རྔ་བ་རྫོང་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ1དང་ཟངས་ཀྱི་རྟགས་མ2བླངས་ཏེ་ཐེངས་འདིའི་རྟ་རྒྱུག་འགྲན་བསྡུར་ཁྲོད་ཐུན་མོང་གི་ཐོབ་སྐར་ཨང་གསུམ་པ་བླངས། དེ་མིན་ད་དུང་། ཛམ་ཐང་རྫོང་འཐུས་ཚབ་ཚོགས་པ་དང་མཛོད་དགེ་རྫོང་འཐུས་ཚབ་ཚོགས་པ་གཉིས་ལ་སོ་སོར་ལུས་རྩལ་ཀུན་སྤྱོད་བཟང་བ་དང་འགོ་རྩོམ་མཛད་སྒོའི་ཕུལ་བྱུང་འཁྲབ་སྟོན་གྱི་གཟེངས་སྐྱེས་བྱ་དགའ་གནང་བ་རེད།   


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།