རྒྱལ་ཁབ་ཆུ་བེད་ལས་ཁུངས་ཀྱིས་མཚོ་སྔོན་པོའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་བཞིན་ཡོད་པ།
མིག་སྔར། རྒྱལ་ཁབ་ཀྱི་ཆུ་བེད་ལས་ཁུངས་ཀྱིས་མཚོ་སྔོན་མཐོ་སྒང་གི་ཆེས་མཛེས་པའི་མཚོ་ཆེན་མཚོ་སྔོན་པོའི་མཚོ་ཆུ་ཤོང་ཚད་ལ་ཚད་འཇལ་བྱེད་བཞིན་ཡོད་ཅིང་། ཚད་འཇལ་གྱི་བྱ་བ་ཟླ་༨པའི་ཟླ་མཇུག་ཏུ་ཚང་མ་མཇུག་རྫོགས་རྒྱུ་ཡིན་པ་དང་། དེ་ལས་ཐོབ་པའི་མཇུག་འབྲས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་ལ་ཞིབ་འཇུག་དང་དེ་གསར་སྤེལ་བྱེད་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་བཅས་བྱེད་པར་ཚན་རིག་གི་གཞི་འཛིན་ས་ཞིག་འདོན་སྤྲོད་བྱས་ཡོད་པ་རེད།
གསར་འགོད་པས་ཞིང་ཆེན་གྱི་ཆུ་རིག་ཅུའུ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་དང་པོར་རྒྱལ་ཡོངས་ཀྱི་ཆུ་བེད་ཞིབ་བཤེར་བྱ་བའི་ཁྲོད་གཏན་འཁེལ་བྱས་པའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་ཡུལ་གྱི་གྲས་ཤིག་ཡིན་པ་དང་། མཚོ་སྔོན་པོར་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱས་མ་མྱོང་ཞིང་། ཐེངས་འདིའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་པའི་བྱ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་ཆུ་རིག་ཐོན་ཁུངས་རྟོག་དཔྱོད་ཅུའུ་དང་འབྲི་ཆུའི་ཆུ་རིག་ཅུའུ་གཉིས་ཀྱིས་མཉམ་དུ་བསྒྲུབ་རྒྱུ་ཡིན་ལ། ཐེངས་འདིའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་པའི་བྱ་བ་ལེགས་འགྲུབ་ཡོང་ཆེད། ངེད་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་ཀྱིས《རྒྱལ་ཡོངས་ཀྱི་ཆུ་བེད་ཞིབ་བཤེར་ལས་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་ཐེངས་དང་པོའི་ལག་བསྟར་བྱེད་ཕྱོགས》 དང་། 《མཚོ་སྔོན་པོའི་མཚོ་ཆུའི་ཤོང་ཚད་ཚད་འཇལ་བྱེད་པའི་བྱ་བར་མཚོ་ཐོག་ནས་མྱུར་སྐྱོབ་བྱེད་པའི་གྲ་སྒྲིག་བྱེད་ཕྱོགས》 གཏན་འཁེལ་བྱས་ཤིང་། ཚད་འཇལ་གྱི་བྱ་བ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com