རྒྱལ་ཡོངས་སྨན་པ་སུམ་བརྒྱ་ལྷག་མ་སྐུལ་དང་བླངས་སྒོས་བོད་ལྗོངས་སུ་སྨན་བཅོས་ཞབས་ཞུ་བྱེད་པར་བསྐྱོད་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ།   དུས་ཚོད།:2011-07-29 11:19:00 ཀློག་གྲངས།:

            ཚེས28ཉིན་གྱི་དགོང་མོའི་ཆུ་ཚོད20ཡི་སྟེང་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཁུལ། གྲོང་ཁྱེར20བཅས་ནས་ཡོང་བའི་སྨན་པ300ལྷག་བོད་ལྗོངས་སུ་བསྐྱོད་པའི་སྤྱི་ཕན་ཆེད་སྤྱོད་མེ་འཁོར་ལ་བསྡད་དེ་བོད་ལྗོངས་སུ་མ་སྐུལ་དང་བླངས་སྒོས་སྨན་བཅོས་ཞབས་ཞུ་བསྒྲུབ་པའི་ལམ་ལ་ཆས་པ་རེད།
             “མཉམ་གཅིག་གིས་ཀྲུང་གོའི་བརྩེ་སེམས་བསྐྲུན་ཞེས་པ་བོད་ལྗོངས་བསྐྱོད”ཅེས་པའི་སྤྱི་ཕན་བྱ་འགུལ་གཉེར་བའི་མཛད་སྒོའི་སྟེང་དུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། པེ་ཅིང་དུ་སྡོད་པའི་བོད་ལྗོངས་གཞུང་སྒྲུབ་ཁང་། བྱེད་སྒོའི་རྩ་འཛུགས་ཨུ་ལྷན། རྒྱལ་ཁབ་ཀྱི་རྒྱ་སྨན་དོན་དམ་ཅུས་སོགས་ལས་ཁུངས་ཀྱི་འགོ་ཁྲིད་དག་ཕེབས་ནས་སྨན་པ་རྣམས་ལ་དང་བླངས་པའི་དར་ཆ་བསྩལ་བ་རེད།
            ཤེས་གསལ་ལྟར་ན། “མཉམ་གཅིག་གིས་ཀྲུང་གོའི་བརྩེ་སེམས་བསྐྲུན་ཞེས་པ་བོད་ལྗོངས་སུ་བསྐྱོད”ཅེས་པའི་སྤྱི་ཕན་བྱེད་སྒོ་འདི་ནི་ད་ལྟའི་བར་རང་རྒྱལ་གྱི་རྒྱ་ཆེས་ཆེ་བའི་བོད་བསྐྱོད་སྨན་བཅོས་ཞབས་ཞུའི་བྱ་བ་སྐུལ་མེད་དང་དུ་ལེན་པའི་བྱ་འགུལ་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་བོད་སྐྱོད་ཆེད་ལས་པ་དེ་དག་ནི་རྒྱལ་ཡོངས་ནས་རང་འདོད་ཀྱིས་མིང་ཐོ་བཀོད་པའི་སྨན་པ་སྟོང་ལྷག་གི་ནང་ནས་བདམས་ཐོན་བྱུང་བ་ཡིན་ལ། དེའི་ནང་དུ་སྙིང་ཁམས་ཁྲག་རྩའི་ནད་དང་། དབང་རྩའི་ནད་སོགས་ཀྱི་ཆེད་ཚན་སྨན་པ་ཡོད་པ་མ་ཟད། བོད་ལྗོངས་ཀྱི་གནས་ཚུལ་ལ་གཞིགས་ནས་བུད་མེད་ཚན་ཁག་དང་། མིག་ནད་ཚན་ཁག་སོགས་ཀྱི་ཆེད་མཁས་སྨན་པ་དང་ནད་ཚན་ཀུན་འདུས་ཀྱི་སྨན་པ་བཅས་ཀྱང་འཁྲིད་ཡོད་པ་རེད།
            བྱེད་སྒོ་སྤེལ་བའི་སྐབས་སུ། ཆེད་མཁས་སྨན་པ་དེ་རྣམས་ཚོགས་ཆུང5རུ་བགོས་ཏེ། ལྷ་ས་དང་། གཞིས་ཀ་རྩེ། ལྷོ་ཁ། ཉིང་ཁྲི། མངའ་རིས་སོགས་སུ་བསྐྱོད་ནས་སྤྱི་ཕན་ཞབས་ཞུའི་བྱ་བ་གཉེར་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།