དཔའ་རིས་སུམ་མདོར་དམངས་ཁྲོད་གླུ་གར་གྱི་དགའ་སྟོན་ཚོགས་པ།

རྩོམ་པ་པོ།:རིན་ཆེན་སྐྱིད། ཡོང་ཁུངས།:མཚོ་སྔོན་བོད་རིགས་དྲ་བ། དུས་ཚོད།:2011-07-29 11:29:00 ཀློག་གྲངས།:

  ཟླ7པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་དཔའ་རིས་སུམ་མདོ་ས་ཁུལ་དུ་དཔའ་རིས་སུམ་མདོའི་དམངས་ཁྲོད་གླུ་གར་དགའ་སྟོན་ཞེས་པའི་དམངས་ཁྲོད་བྱ་འགུལ་སྤེལ་བ་རེད། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཆེན་མོ་མདོ་བ་ཀུན་བཟང་ཤེས་རབ་དང་། དྲུང་ཡིག་གཞོན་པ་ནོར་བུ། ཚེ་དབང་རྡོ་རྗེ་སོགས་དགའ་སྟོན་སྟེང་དུ་གདན་འདྲེན་ཞུ་བ་དང་ཆེད་དུ་དགའ་སྟོན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བ་རེད།


དམངས་ཁྲོད་བྱ་འགུལ་སྤེལ་བཞིན་པ།

  དཔའ་རིས་སུམ་མདོའི་དམངས་ཁྲོད་གླུ་གར་དགའ་སྟོན་ནི་མཚོ་སྔོན་དཔའ་རིས་ས་ཁུལ་གྱི་བོད་རིགས་མི་དམངས་ཀྱིས་རང་འགུལ་གྱིས་སྤེལ་བའི་བོད་ཀྱི་དམངས་ཁྲོད་གླུ་གར་དགའ་སྟོན་ཞིག་ཡིན་ཞིང་། ཉིན་དེར་ས་དེ་གའི་བོད་རིགས་མང་ཚོགས་ཀྱིས་ཡིད་དུ་འོང་བའི་རྒྱན་གོས་མནབས་ཤིང་འཛུམ་མདངས་ལྷུག་པོར་གྲོལ་ནས་དགའ་སྟོན་སྟེང་དུ་གླུ་ལེན་གར་རྩེད་བྱེད་པ་རེད།


དགའ་སྟོན་རོལ་བཞིན་པའི་བོད་རིགས་མང་ཚོགས།

  བོད་ཀྱི་དམངས་ཁྲོད་གླུ་གར་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཅིག་ཡིན་ཞིང་། དགའ་སྟོན་འདི་བརྒྱུད་ནས་དེ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པས། ས་གནས་བོད་རིགས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།


དཔའ་རིས་བུད་མེད་ཀྱིས་དམངས་གླུ་ལེན་པ།

དཔའ་རིས་སྐྱེས་པས་རྒྱན་གོས་སྤྲས་ཤིང་གླུ་གར་ལ་རོལ་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།