གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ཁུལ་གྱི་མིས་ཆར་དབེབས་བཟོ་འགོད་ལ་ཕུལ་བྱུང་དངུལ་གཏོང་ལས་གཞིའི་བྱ་དགའ་ཐོབ
ཟླ7པའི་ཚེས27ཉིན་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་ཁུལ་གྱི་མིས་ཆར་དབེབས་བཟོ་འགོད་ལ་རྒྱལ་ཁབ་ཕུལ་བྱུང་དངུལ་གཏོང་ལས་གཞིའི་བྱ་དགའ་ཐོབ་པ་དང་། འདི་ནི་མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་ལས་གཞི་ལ་ཐོག་མར་རྒྱལ་ཁབ་ཀྱི་བྱ་དགའ་ཐོབ་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་མིས་ཆར་དབེབས་བཟོ་འགོད་དེ2006ལོར་ལག་བསྟར་བྱེད་འགོ་བརྩམས་པ་ནས་བཟུང་། འཛུགས་སྐྲུན་ནང་དོན་ལ་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཕྱོགས་བསྡུས་ཚད་འཇལ་དང་འགྱུར་སྐུལ་བྱ་བ། ཆ་འཕྲིན་བརྒྱུད་སྤེལ། ལས་ཀ་ཇུས་འགོད་དང་ཕན་འབྲས་དཔྱད་འཇོག་སོགས་མ་ལག5འདུས་ཡོད། རྒྱུས་ལོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་མིས་ཆར་དབེབས་བཟོ་འགོད་དང་གནོད་སྐྱོན་རང་བཞིན་གྱི་ནམ་ཟླའི་བརྟག་ཞིབ་ཉེན་ཟོན་བཟོ་འགོད་ལག་བསྟར་བྱས་པ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྒྱུན་སྲོལ་ནམ་ཟླའི་ལྟ་ཞིབ་དྲ་རྒྱའི་འདུས་ཚད་མངོན་གསལ་གྱིས་ཇེ་མང་དུ་གྱུར་ཏེ། ཚན་རིག་གིས་མིས་ནམ་ཟླར་ཤུགས་རྐྱེན་བཟོ་བའི་ས་ཁོོངས་དང་ཤུགས་ཚད་ལ་རྨང་གཞིའི་རོགས་འདེགས་སྐྲུན་པ་དང་། བྱ་བའི་བཀོད་འདོམས་ཀྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་། མིས་ཆར་དབེབས་བཟོ་འགོད་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་སའི་སྔོ་ཤུན་ཁེབས་ཚད་ལོ་རེར་ཇེ་ཆེར་གྱུར་བ་དང་། གཙང་བོའི་བཞུར་ཚད་ལོ་རེར་ཇེ་མང་དུ་སོང་སྟེ། ཆུའི་ཐོན་ཁུངས་མི་འདང་བའི་གནས་ཚུལ་ལ་འགྱུར་ལྡོག་བཏང་ལ། སྟོད་རྒྱུད་ཀྱི་ཆུ་མཛོད་ཇེ་ཆེར་སོང་ནས་ཆུ་གློག་གི་ཕན་འབྲས་མངོན་གསལ་དུ་གྱུར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com