རང་རྒྱལ་གྱི་གྲངས་ཉུང་མི་རིགས་བཅོ་ལྔས་མི་རིགས་སྨན་ཁང་ཉིས་བརྒྱ་ལྷག་བཙུགས་པ།
ད་ལྟ་རང་རྒྱལ་གྱི་བོད་དང་སོག་པོ། ཡུ་གུར་རིགས། ཏེ་རིགས། ཀྲོང་རིགས། ཁྲའོ་ཞན་རིགས། མའོ་རིགས། ཡའོ་རིགས། ཧོས་རིགས། དབྱི་རིགས། ཐུའུ་ཅ་རིགས། པུ་དབྱི་རིགས། ཏུང་རིགས། ཧ་སག་རིགས། ཆང་རིགས་བཅས་མི་རིགས་བཅོ་ལྔས་རང་མི་རིགས་ཀྱི་སྨན་ཁང་སྨན་ཁང་བཙུགས་ཡོད་པ་དང་། དེ་ལ་བསྡོམས་པས་སྨན་ཁང་ཉིས་བརྒྱ་དང་གསུམ་ཡོད།
མི་རིགས་གསོ་རིག་ལ་ཐུན་མོང་མ་ཡིན་པའི་བཅོས་ཐབས་དང་སྨན་ཡོན་དམའ་བ་སོགས་ཀྱི་དགེ་མཚན་ཡོད་པས། མི་རིགས་ས་ཁུལ་མང་ཚོགས་ཀྱིས་དགའ་བསུ་ཐོབ། ད་ལྟ། རང་རྒྱལ་དུ་བོད་ལུགས་སྨན་ཁང་རེ་དགུ་དང་། སོག་ལུགས་སྨན་ཁང་ང་གསུམ། ཡུ་གུར་རིགས་ཀྱི་སྨན་ཁང་བཞི་བཅུ། ཏེ་རིགས་ཀྱི་སྨན་ཁང་གཅིག གྲངས་ཉུང་མི་རིགས་གཞན་པ་དག་གི་སྨན་ཁང་བཅུ་བཞི་ཡོད། མི་རིགས་ས་ཁུལ་གྱི་ཀྲུང་ལུགས་སྨན་ཁང་དང་ཞང་གྲོང་སྨན་ཁང་མང་ཤོས་དང་ཕྱོགས་བསྡུས་སྨན་ཁང་ལ་ཤས་སུ་མི་རིགས་གསོ་བཅོས་ཚན་ཁག་བཙུགས་ཡོད་པ་ལས་གཞན། མི་རིགས་ས་ཁུལ་གྱི་སྡེ་བའི་འཕྲོད་སྟེན་ཁང་མང་ཤོས་དང་སྡོད་ཁུལ་གྱི་འཕྲོད་སྟེན་ཞབས་ཕྱི་ལས་ཁུངས་ཁ་ཤས་ཀྱིས་ཀྱང་མི་རིགས་གསོ་བཅོས་ཞབས་ཕྱི་འདོན་སྤྲོད་བྱེད་ཀྱིན་ཡོད།
རྒྱུས་ལོན་བྱུང་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ། ཀྲུང་དབྱང་ནོར་སྲིད་ཀྱིས་བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་མོ་དུང་ཕྱུར་བདུན་བཏང་ནས་གྲོང་ཁྱེར་རིམ་པ་ཡན་གྱི་མི་རིགས་སྨན་ཁང་སོ་ལྔ་དང་། རྫོང་རིམ་པའི་སྨན་ཁང་དོན་དགུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com