ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཚོགས་པ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-31 11:03:00 ཀློག་གྲངས།:
            མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གྲོས་ཚོགས་ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཚོགས། ཚོགས་ཐོག་ནས་ལོ་གཅིག་ལྷག་གི་རིང་ལ་གནོད་ཤུལ་བསྐྱར་འཛུགས་བྱེད་སྐབས་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱས་པའི་བྱ་བ་སྤྱི་སྡོམ་བྱས་ཤིང་། ཉམས་མྱོང་དང་བྱེད་ཐབས་བཟང་བོ་བརྗེ་རེས་བྱས་པ་དང་གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། 
            མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞུའུ་ཧྥུའུ་ཧྲོན་གྲོས་ཚོགས་ལ་ཞུགས་ནས་གཏམ་གལ་ཆེན་བཤད།
            ཚོགས་ཐོག་ནས་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན། ཡུལ་ཤུལ་ཁུལ་སྲིད་གཞུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་འབྲེལ་ཡོད་བྱ་བའི་འཕེལ་རིམ་གནས་ཚུལ་དང་ཕྱིན་ཆད་ཀྱི་བྱ་བའི་འཆར་གཞི་ཡར་ཞུ་བྱས།
            ཚོགས་ཐོག་ནས་ཞུའུ་ཧྥུའུ་ཧྲོན་གྱིས་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་བྱས་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཁྲོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནི་བསྐྱར་འཛུགས་སྤུས་ཚད་དང་ཆུ་ཚད་ལ་ལྟ་བའི་ཚད་གཞི་གལ་ཆེན་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་རེ་བ་ལྟར། ལོ་གཅིག་ལྷག་གི་རིང་ལ་བསྐྱར་འཛུགས་བྱ་བའི་ཁྲོད་དུ་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱ་བ་ནན་ཏན་སྒོས་སྒྲུབ་པའི་ཉམས་མྱོང་སྤྱི་སྡོམ་བྱས་ནས་ལྷད་མེད་བསྐྱར་འཛུགས་བྱ་བ་སྔར་ལས་བཟང་བོར་སྒྲུབ་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།